logo

ཡུལ་ཤུལ་དུ་སེམས་ཁམས་རྐང་འཛིན་དགེ་རྒན་གྱི་ཚེ་སྲོག་སློབ་གསོའི་གསོ་སྦྱོང་འཛིན་གྲྭ་བསྒྲུབས་པ།

རྩོམ་པ་པོ།:བསོད་ནམས་ལྷ་མོ། ཡོང་ཁུངས།:མཚོ་སྔོན་བོད་སྐད་རླུང་འཕྲིན། དུས་ཚོད།:2011-03-12 ཀློག་གྲངས།:

            མཚོ་སྔོན་ས་འགུལ་བརྒྱུགས་རྗེས་ཀྱི་སེམས་ཁམས་རོགས་སྐྱོར་ལས་གཞི་གཞུང་སྒྲུབ་ཁང་དང་ཟི་ལིང་གྲོང་ཁྱེར་སློབ་གསོ་ཅུའུ་གཉིས་ཀྱིས་མཉམ་དུ་བསྒྲུབས་པའི་སེམས་ཁམས་རྐང་འཛིན་དགེ་རྒན་གྱི་ཚེ་སྲོག་སློབ་གསོའི་གསོ་སྦྱོང་འཛིན་གྲྭ་དེ་ཟླ3པའི་ཚེས10ཉིན་ཟི་ལིང་ནས་བཙུགས། ཟི་ལིང་དུ་ཡོད་པའི་ཡུལ་ཤུལ་གྱི་ཁོངས་གཏོགས་སློབ་འབྲིང་ཁ་ཤས་ཀྱི་རྐང་འཛིན་དགེ་རྒན་དང་སློབ་གྲྭའི་སེམས་ཁམས་བདེ་ཐང་གི་ཟུར་ཁྲིད་པ་བཅས་མི་བརྒྱ་དུས་ཡུན་ཉིན་གསུམ་གྱི་ནང་སློབ་གྲྭར་ས་འགུལ་གྱི་གནོད་འཚེ་ཐེབས་རྗེས་ཀྱི་སེམས་ཁམས་བདེ་ཐང་གི་ཤེས་བྱའི་སྐོར་ནས་གསོ་སྦྱོང་བྱེད་རྒྱུ་རེད། 
            ཡུལ་ཤུལ་ས་འགུལ་རྗེས་ཀྱི་སེམས་ཁམས་རོགས་སྐྱོར་ལས་གཞི་གཞུང་སྒྲུབ་ཁང་གིས་ཆེད་དུ་ཅང་སུའུ་ཞིང་ཆེན་དགེ་ཐོན་སློབ་གྲྭ་ཆེན་མོའི་མིང་དུ་གྲགས་པའི་སེམས་ཁམས་རིག་པའི་དགེ་རྒན་ཆེན་མོ་ཀྲིན་ཞོ་ཅང་དང་ཐེ་ཝན་གྱི་ཚེ་སྲོག་སློབ་གསོའི་ཆེད་མཁས་པ་བུའུ་ཧྥུན། ཀྲུང་གོའི་ཚན་རྩལ་སློབ་གྲྭ་ཆེན་མོའི་སེམས་ཁམས་རིག་པའི་དགེ་རྒན་ཆེན་མོ་ཅུའུ་ཅིས་ཧྥང་བཅས་གདན་དྲངས་ནས་སློབ་ཁྲིད་བྱེད་རྒྱུ་རེད།
            མཚམས་སྦྱོར་བྱས་པ་ལྟར་ན། དགེ་རྒན་དེ་དག་གིས་འདི་ལྟ་བུའི་གསོ་སྦྱོང་བརྒྱུད་རྗེས་གནོད་འཚེའི་རྗེས་ཀྱི་སེམས་ཁམས་བདེ་ཐང་གི་ཤེས་བྱ་ཁོང་དུ་ཆུད་ཐུབ་པ་དང་ཇི་ལྟར་ས་འགུལ་གནོད་འཚེའི་རྗེས་ཀྱི་སེམས་ཁམས་གནོད་པ་སྔོན་འགོག་བྱེད་པར་ནུས་པ་གལ་ཆེན་འདོན་ཐུབ་པར་མ་ཟད། རྗེས་ཕྱོགས་སུ་ཡུལ་ཤུལ་གནོད་ཐེབས་ས་ཁུལ་གྱི་སེམས་ཁམས་རོགས་སྐྱོར་བྱ་བ་བརྟན་འཇགས་དང་རྒྱུན་མཐུད་ངང་སྤེལ་བར་ཤེས་ལྡན་མི་སྣའི་རྨང་གཞི་བརྟན་པོ་ཞིག་འདིང་ཐུབ་ཟེར།


འབྲེལ་ཡོད་འོས་སྦྱོར།