ནུབ་བྱང་མི་རིགས་སློབ་ཆེན་གྱི་བོད་རིགས་དགེ་སློབ་རྣམ་པས་བོད་ལུགས་ལོ་སར་ལ་རོལ་བ།

དགོང་ཚོགས་ཀྱི་མདོ་འཛིན་པ།
ཟླ3པའི་ཚེས4ཉིན། ནུབ་བྱང་མི་རིགས་སློབ་ཆེན་གྱིས་སློབ་གྲྭའི་དྲ་ཐོག་ཏུ་བོད་རིགས་དགེ་སློབ་རྣམས་ལ་འཚམས་འདྲིའི་ཞུ་འཕྲིན་བཀོད་དེ་བཀྲ་ཤིས་བདེ་ལེགས་ཀྱི་ཁ་གཡང་དྲོན་མོ་བརྗོད་ཅིང་། ད་དུང་བོད་རིགས་སློབ་མ་རྣམས་ལ་ལོ་སར་རོལ་བར་འཚོ་བའི་ཁ་གཟབ་རོགས་དངུལ་སྤྲད་པ་རེད།

འཁྲབ་སྟོན་བྱེད་བཞིན་པ།
ཕྱི་དྲོའི་དུས་སུ། སློབ་གྲྭས2011ལོའི་བོད་ལུགས་ལོ་སར་གྱི་དགའ་སྟོན་མཛད་སྒོ་འཚོགས་ཤིང་། ཏང་ཨུའི་ཧྲུའུ་ཅི་གཞོན་པ་བཀྲ་ཤིས་ཀྱིས་དགའ་སྟོན་ལ་མདོ་འཛིན་མཛད་ཅིང་། སློབ་གྲྭའི་ཏང་ཨུ་ཧྲུའུ་ཅི་དང་སློབ་གཙོ་སོགས་ཀྱིས་གཏམ་བཤད་གནང་བ་དང་བོད་རིགས་དགེ་སློབ་ཡོངས་ལ་ལོ་གསར་བའི་ནང་ནད་མེད་ཚེ་རིང་དང་ཁ་བྲོ་བཀྲ་ཤིས་ཡོངས་བའི་སྨོན་འདུན་ཞུས་པ་རེད།
དེའི་རྗེས། སློབ་གྲྭའི་གོང་གཞོན་ཚོགས་པས་གཙོ་སྒྲུབ་གནང་བའི་བོད་ཀྱི་ལོ་སར་དགོང་ཚོགས་དེ་སློབ་ཆེན་པའི་བྱ་འགུལ་ལྟེ་གནས་སུ་སྤེལ་ལ། བོད་རིགས་དགེ་སློབ་རྣམས་ཀྱིས་བོད་ལྭ་སོགས་རྒྱན་གོས་གྱོན་པ་དང་། དགོང་ཚོགས་ཧྲིལ་བོར་བོད་སྐད་ཀྱི་ལམ་ནས་མདོ་འཛིན་བྱས། བོད་ཀྱི་རིག་གནས་རྣམ་པ་མཚོན་པའི་གྲོ་སོ་ཕྱེ་མ་དང་། ཐང་ཀ དར་ལྕོགས་སོགས་དང་། འཁྲབ་སྟོན་རྣམ་པ་སྣ་ཚོགས་གཏུད་མར་གཟིགས་མོ་བ་ལྷན་རྒྱས་ཀྱི་མིག་གི་དགའ་སྟོན་དུ་ཕུལ་ལ། དུས་ཡུན་ཐུང་ཐུང་ནང་རྣམ་པ་ཚོས་དགའ་སྐྱིད་ཀྱི་དཔལ་ལ་རོལ་བ་རེད།
