logo

བོད་ལྗོངས་མཁའ་འགྲུལ་གྱིས་ཐེངས་དང་པོར་ལས་ཀ་བ་གསོ་སྐྱོང་སྦྱོང་བརྡར་བྱས་པ།

རྩོམ་པ་པོ།:དཔལ་མགོན་སྐྱབས། ཡོང་ཁུངས།: ཤིན་ཧྭ་དྲ་བ།  དུས་ཚོད།:2011-02-23 ཀློག་གྲངས།:


བོད་ལྗོངས་མཁའ་འགྲུལ་གྱི་ལས་ཀ་བ་རྣམས་ཐོག་མའི་གསོ་སྐྱོང་སྦྱོང་བརྡར་ནང་ཞུགས་པ།

            ཟླ 2པའི་ཚེས21ཉིན། བོད་ལྗོངས་མཁའ་འགྲུལ་མ་རྐང་ཚད་ཡོད་ཀུང་སི་ཡིས་ལྷ་ས་རུ་ཐེངས་དང་པོར་ལས་ཀ་བ་གསོ་སྐྱོང་སྦྱོང་བརྡར་བྱེད་རྒྱུ་འགོ་བརྩམས་པ་རེད།


གསོ་སྐྱོང་སྦྱོང་བརྡར་དུ་ཞུགས་པའི་ལས་ཀ་བས་ནན་ཏན་གྱིས་སློབ་ཁྲིད་ལ་ཉན་བཞིན་པ།

            རྒྱུས་ལོན་བྱས་པ་ལྟར་ན། སྦྱོང་བརྡར་དུ་ཞུགས་པའི་ལས་ཀ་བ་ཡོད་ཚད་བོད་ལྗོངས་རང་གི་སློབ་ཆེན་མཐར་ཕྱིན་སློབ་མ་རྐྱང་རྐྱང་རེད། བོད་ལྗོངས་མཁའ་འགྲུལ་མ་རྐང་ཚད་ཡོད་ཀུང་སི་ནི2010ལོའི་ཟླ5བར་དངོས་སུ་ཚུགས་ཤིང་། ཐོ་འགོད་མ་རྩ་སྒོར་ས་ཡ2.8ཙམ་ཡོད། སྤྱི་ཁྱབ་ལྟེ་གནས་ལྷ་སར་བཙུགས་ཡོད་པ་རེད། གཙོ་བོ་རྒྱལ་ནང་གི་མཁའ་འགྲུལ་སྐྱེལ་འདྲེན་གྱི་ལས་དོན་གཉེར་བ་དང་། བོད་ལྗོངས་ཀྱི་རྟེན་གཞིའི་མཁའ་འགྲུལ་ཀུང་སི་དང་པོ་རེད། ཚོད་དཔག་བྱས་པ་ལྟར་ན2011ལོའི་ཟླ7པར་ཐོག་མར་འཕུར་སྐྱོད་བྱ་ཐུབ་ངེས་རེད།


འབྲེལ་ཡོད་འོས་སྦྱོར།