logo

འདི་ལོ་བོད་ལྗོངས་ཀྱི་མི་རེའི་ཆ་སྙོམས་སློབ་གསོ་ཐོབ་པའི་དུས་ཡུན་ལོ7ལོན་པ་འགན་ལེན་བྱས།

རྩོམ་པ་པོ།: མི་གསལ། ཡོང་ཁུངས།:བོད་ལྗོངས་ཉིན་རེའི་ཚགས་པར། དུས་ཚོད།:2011-02-12 ཀློག་གྲངས།:

            སློབ་གཉེར་ཆ་རྐྱེན་ལེགས་སུ་བཏང་ནས་དོ་སྙོམས་ངང་འཕེལ་རྒྱས་ཡོང་རྒྱུར་སྐུལ་འདེད་གཏོང་བ། འདི་ལོ་རང་ལྗོངས་ཀྱི་མི་རེའི་ཆ་སྙོམས་སློབ་གསོ་ཐོབ་པའི་དུས་ཡུན་ལོ7ལོན་པ་འགན་ལེན་བྱས་པ།
            འདི་ལོ་བོད་རང་སྐྱོང་ལྗོངས་སྲིད་གཞུང་གིས་སློབ་གསོ་སྔོན་ལ་འཕེལ་རྒྱས་བཏང་ནས་སློབ་གཉེར་གྱི་ཆ་རྐྱེན་ལེགས་སུ་ཧུར་ཐག་བཏང་སྟེ་རིགས་ཁག་གི་སློབ་གསོ་དོ་སྙོམས་ངང་འཕེལ་རྒྱས་ཡོང་རྒྱུར་སྐུལ་འདེད་བཏང་ཐོག་མི་རེའི་ཆ་སྙོམས་སློབ་གསོ་ཐོབ་པའི་དུས་ཡུན་དེ་ན་ནིང་གི་ལོ6.3ནས་ལོ7བར་མཐོ་རུ་འགྲོ་རྒྱུའི་འགན་ལེན་བྱས་པ་རེད།
            ལྗོངས་ཡོངས་ལ་མཐོ་རིམ་སློབ་གྲྭ6དང་།    སློབ་འབྲིང17འབྲིང་རིམ་ལས་རིགས་སློབ་གྲྭ7སློབ་ཆུང884རིགས་ཁག་གི་སློབ་གྲྭ་བཅས་ལ་སློབ་ཐོག་སློབ་མ་ཁྲི547ཟིན་པ་དང་།སློབ་ཆུང་དུ་ལོ་ན་ལོན་པའི་བྱིས་པ་སློབ་ཞུགས་བྱེད་ཚད་དང་དམའ་རིམ་སློབ་འབྲིང་དུ་སློབ་ཞུགས་བྱེད་ཚད་ནི་བརྒྱ་ཆའི98.5དང་བརྒྱ་ཆའི82.2སོ་སོར་ཡིན་པ་རེད།དུས་རབས་ཕྱེད་ཀ་ཙམ་གྱི་འཕེལ་རྒྱས་བརྒྱུད་བོད་ཀྱི་སློབ་གསོའི་འཕེལ་རྒྱས་ཐད“སྤྱི་ཚོགས་རྙིང་པར་དམངས་ཚོགས་བརྒྱ་ཆའི95ཡིག་རྨོངས་ཡིན་པ”ནས“ན་ནིང་མི་རེའི་ཆ་སྙོམས་སློབ་གསོ་ཐོབ་པའི་དུས་ཡུན་དེ་ལོ6.3ལོན”པའི་གྲུབ་འབྲས་ཐོབ་ནས་བོད་ཀྱི་མི་རིགས་ཁག་གི་མང་ཚོགས་ཚོའི་སྤྱི་ཡོངས་ཀྱི་བྱང་ཚད་མགྱོགས་མྱུར་མཐོ་རུ་ཕྱིན་ཡོད་པ་རེད།


འབྲེལ་ཡོད་འོས་སྦྱོར།