logo

ཀྲུང་གོའི་བོད་ཀྱི་དྲ་བའི་པར་གཞི་བརྗེ་སྟེ་རྣམ་པ་གསར་བའི་སྒོ་ནས་ཤར་གཏོང་བྱས།

རྩོམ་པ་པོ།:རྡོ་རྗེ་རབ་བརྟན། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2011-02-04 ཀློག་གྲངས།:

        ཉེ་ལམ།གཞི་རྒྱ་ཆེ་བའི་བོད་ཡིག་གསར་འགྱུར་དྲ་བ།ཀྲུང་གོའི་བོད་ཀྱི་དྲ་བས་པར་གཞི་བརྗེ་གྲུབ་བྱུང་སྟེ་རྣམ་པ་གསར་པའི་སྒོ་ནས་ཤར་གཏོང་བྱུང་།མཚོ་སྔོན་ཉིན་རེ་ཚགས་པར་ཁང་གིས་གཙོ་གཉེར་བྱེད་ཀྱིན་པའི་ཀྲུང་གོའི་བོད་ཀྱི་དྲ་བ་ནི་2006ལོར་ཤར་གཏོང་བྱས་པ་ནས་བཟུང་།རྒྱལ་ཁབ་ཕྱི་ནང་ཀུན་ཏུ་ཁྱབ་རྒྱ་དང་ཤུགས་རྐྱེན་ཆེ་བའི་བོད་ཡིག་གསར་འགྱུར་དྲ་བ་ཞིག་ཡིན།2010ལོར་ཀྲུང་དབྱང་དྲིལ་བསྒྲགས་པུའུ་དང་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་གིས་རྒྱབ་སྐྱོར་དང་ཐུགས་ཁུར་ཆེན་པོའི་འོག་མཚོ་སྔོན་ཞིང་ཆེན་ཉིན་རེ་ཚགས་པར་ཁང་གིས་ཀྲུང་གོའི་བོད་ཀྱི་དྲ་བ་ཐེངས་གཉིས་པའི་བསྒྱུར་བཅོས་ལེགས་གྲུབ་བྱུང་།སྲ་ཆས་མཁོ་བསྒྲིགས་འཐུས་ཚང་དང་གསར་བསྒྱུར་བྱས་པ་དང་དུས་མཚུངས་སུ་རྒྱ་བོད་ལེ་ཚན་གཉིས་ཀར་རྣམ་པ་གསར་པའི་པར་གཞི་བརྗེ་བསྒྱུར་བྱས།

        པར་གཞི་བསྒྱུར་བཅོས་བྱས་རྗེས་ཀྱི་ཀྲུང་གོའི་བོད་ཀྱི་དྲ་བསཉེ་བཅར་གསུམགྱི་རྩ་དོན་རྒྱུན་འཁྱོངས་བྱས་ནས་མི་རིགས་དང་ས་ཁུལ་གྱི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་དེ་སྔར་ལས་ཀྱང་གཙུགས་སུ་འཛིན་ཞིང་། ཕན་ཚུན་འབྲེལ་འདྲིས་ཀྱི་ནུས་པ་དང་ཞབས་ཞུའི་ནུས་པ་ཇེ་ལེགས་སུ་བཏང་ཡོད་པ་དང་།གོམ་གང་མདུན་སྤོས་ཀྱི་སྒོ་ནས་བརྙན་རིས་རོལ་མོའི་ལེ་ཚན་ཕུན་སུམ་ཇེ་ཚོགས་སུ་བཏང་བ་དང་།དྲ་བའི་ཁྱབ་བསྒྲགས་ཀྱི་དྲང་བདེན་རང་བཞིན་ལ་ཤུགས་སྣོན་བྱུང་།ལེ་ཚན་འཆར་འགོད་ཀྱི་སྟེང་ནས་གསར་འགྱུར་རིགས་ཀྱི་ལེ་ཚན་གྱི་དུས་ཚོད་དམ་འཛིན་བྱས་པ་ལས་གཞན།གཙོ་ཆེ་བའི་སྒོ་ནསརིག་གནས་འཚོ་བདངགངས་ལྗོངས་ཡུལ་བསྐོར》《པར་མཛོདསོགས་ས་ཁུལ་གྱི་ཁྱད་ཆོས་དང་མི་རིགས་ཀྱི་ཁྱད་ཆོས་ཡོད་པའི་ལེ་ཚན་ལེགས་བསྒྲིགས་བྱས་པ་དང་།ཆབ་སྲིད་དང་དཔལ་འབྱོར།རིག་གནས་དང་གནས་སྐོར།སྒྱུ་རྩལ་དང་བོད་ཀྱི་གསོ་རིག་སོགས་འདུས་པའི་ཕྱོགས་མང་པོ་ཞིག་གི་ནང་དོན་སྔར་ལས་གྲ་རྒྱས་སུ་བཏང་ཡོད།པར་གཞི་བསྒྱུར་བཅོས་བྱས་རྗེས་ཀྱི་ཀྲུང་གོའི་བོད་ཀྱི་དྲ་བས་རྒྱལ་ཁབ་ཕྱི་ནང་ཀུན་གྱི་དྲ་དམངས་རྣམས་བོད་ཡུལ་མཐོ་སྒང་དུ་ཕེབས་པ་དང་། གོམ་གང་མདུན་སྤོས་ཀྱིས་བོད་ཁུལ་གྱི་དཔལ་འབྱོར་སྤྱི་ཚོགས་ཀྱི་འཕེལ་རྒྱས་ལ་རྒྱུས་ལོན་དང་བོད་མི་རིགས་ཀྱི་ལོ་རྒྱུས་ཀྱི་རྒྱུན་རིང་པའི་ཐུན་མིན་རིག་གནས་ཤེས་རྟོགས་བྱེད་པར་ཀློག་བདེ་བ་དང་བལྟ་ཉན་བྱེད་ཐུབ་པའི་ཕན་ཚུན་འབྲེལ་འདྲིས་ཀྱི་སྟེགས་བུ་ཞིག་བསྐྲུན་ཡོད།


འབྲེལ་ཡོད་འོས་སྦྱོར།