logo

༢༠༡༡ལོའི་རྩོམ་རིག་གསར་རྩོམ་བཞུགས་མོལ་ཚོགས་འདུ་དར་མདོ་ནས་འཚོགས།

རྩོམ་པ་པོ།:གངས་དབང། ཡོང་ཁུངས།:ཁམས་པའི་གསར་འགྱུར་དྲ་བ། དུས་ཚོད།:2011-01-11 ཀློག་གྲངས།:

 
ཚོགས་འདུའི་ཟུར་ཞིག

  ཟླ་དང་པོའི་ཚེས་བཅུ་ཉིན་དཀར་མཛེས་ཁུལ་རིག་གནས་མཉམ་འབྲེལ་ལྷན་ཚོགས་ཀྱིས་རྩ་འཛུགས་བྱས་པའི་༢༠༡༡ལོའི་རྩོམ་རིག་གསར་རྩོམ་བཞུགས་མོལ་ཚོགས་འདུ་དར་མདོ་ནས་འཚོགས་པ་རེད།  དཀར་མཛེས་ཁུལ་དྲིལ་བསྒྲགས་པུའུ་ཡི་པུའུ་ཀྲང་གཞོན་པ་གཡང་འཚོ་དང་ཁུལ་རིག་གནས་མཉམ་འབྲེལ་ལྷན་ཚོགས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་སུང་ཤིན་ཧྥུའུ་དང་ཀྲུའུ་ཞི་གཞོན་པ་ལིའི་ཆི་དབྱང་། རྩོམ་པ་པོའི་མཐུན་ཚོགས་ཀྱི་ཀྲུའུ་ཞི་སྐལ་བཟང་འགྱུར་མེད། དར་མདོར་ཡོད་པའི་བོད་རྒྱ་ཡིག་རིགས་གཉིས་ཀྱི་རྩོམ་པ་པོ་རྣམས་ཚོགས་འདུར་ཞུགས།
  ཚོགས་འདུའི་ཐོག་ལ་སྐལ་བཟང་འགྱུར་མེད་ཀྱིས་འདས་ཟིན་པའི་ལོ་གཅིག་གི་ནང་ལ་རང་ཁུལ་གྱི་རྩོམ་རིག་གསར་རྩོམ་གྱི་ཐད་ལ་སྨིན་པའི་འབྲས་བུ་རྣམས་ཕྱོགས་སྡོམ་དང་༢༠༡༡ལོའི་ལས་དོན་གྱི་བསམ་ཕྱོགས་བཅས་བཏོན་ལ་རྩོམ་པ་པོ་སོ་སོས་དོན་དངོས་གཞིར་བཟུང་སྟེ་བསམ་འཆར་དང་རེ་བ་བཏོན།  མཐར་རྒྱུན་ལས་ཀྲུའུ་ཞི་གཞོན་པ་སུང་ཤིན་ཧྥུའུ་དང་དྲིལ་བསྒྲགས་པུའུ་ཡི་པུའུ་ཀྲང་གཞོན་པ་གཡང་འཚོ་ཡིས་རྩོམ་རིག་གསར་རྩོམ་གྱི་མིག་སྔའི་གནད་དོན་ཐག་གཅོད་ཐབས་ནན་གྱིས་གསུངས་སོ།།  


འབྲེལ་ཡོད་འོས་སྦྱོར།