ཆབ་མདོ་ཁུལ་སྐབས་དང་པོའི་སློབ་གྲྭ་ཆུང་འབྲིང་གི་གློག་ཀླད་འགྲན་བསྡུར།
རྩོམ་པ་པོ།:ལྷ་མོ་ཚེ་སྐྱིད།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2011-01-03
ཀློག་གྲངས།:

འགྲན་བསྡུར་ཡུལ་དངོས།
ཚན་རྩལ་རིག་གནས་དར་ཁྱབ་ཆེ་བའི་དུས་རབས་ཉེར་གཅིག་འདི་ལ། གློག་ཀླད་ནི་དུས་རྒྱུན་གྱི་འཚོ་བའི་ཁྲོད་མེད་དུ་མི་རུང་བའམ་གློག་ཀླད་ཀྱི་རྒྱུན་ཤེས་སོགས་ངེས་པར་དུ་བེད་སྤྱོད་གཏོང་ཤེས་དགོས་པར་སྣང་བས། ཉེ་ལམ་ཆབ་མདོ་ཁུལ་སློབ་གསོ་ཅུ་ཡིས་འདིའི་ཕྱོགས་ལ་ཁ་གཏད་དེ། སྐབས་དང་པོའི་སློབ་གྲྭ་ཆུང་འབྲིང་གི་གློག་ཀླད་འགྲན་བསྡུར་སྤེལ་པ་རེད།

བྱ་དགའ་ཐོབ་པ།
ཐེངས་འདིའི་འགྲན་བསྡུར་ཁྲོད་རུ་ཁག17ཞུགས་ཡོད་པ་སྟེ། ཆབ་མདོ་ཁུལ་སློབ་གྲྭ་འབྲིང་ཆུང་གི་སློབ་མ76ཡོད་པ་ཡིན། འགྲན་བསྡུར་ལ་ནང་ཚན་བཞི་བྱས་ནས་དབྱེ་ཡོད་དེ། ཡི་གེ་གཏགས་རྒྱུ་དང་། གློག་རྡུལ་རི་མོ། གློག་རྡུལ་ཚགས་བཟོ། PPTཔར་བཟོ་བཅས་རེད། མཐའ་མར་འགྲན་བསྡུར་ཁྲོད་རྒྱལ་བའི་སློབ་མ་རྣམས་ལ་རེ་རེར་འོས་འཚམས་ཀྱི་བྱ་དགའམ་གཟེངས་རྟགས་གནང་བ་རེད།
འབྲེལ་ཡོད་འོས་སྦྱོར།
