logo

ཀྲུང་གོའི་བོད་ལྗོངས་དྲ་བའི་བོད་ཡིག་དྲ་ངོས་གསར་པ་དངོས་སུ་ཤར་གཏོང་བྱུང་བ།

རྩོམ་པ་པོ།:ལྗོན་སྨྱུུག ཡོང་ཁུངས།:ཀྲུང་གོའི་བོད་ལྗོངས་དྲ་བ། དུས་ཚོད།:2011-01-01 ཀློག་གྲངས།:

        ཟླ12པའི་ཚེས30ཉིན། ཀྲུང་གོའི་བོད་ལྗོངས་དྲ་བའི་བོད་ཡིག་དྲ་ངོས་གསར་པ་དངོས་སུ་ཤར་གཏོང་བྱས་པ་ཡིན། ད་ཐེངས་ཀྱི་བོད་ཡིག་གི་དྲ་ངོས་གསར་པ་འདིས་ཕྱོགས་མང་པོ་དང་ཟུར་མང་པོ་ཞིག་ནས་ད་ལྟའི་བོད་ལྗོངས་འདི་ཉིད་ཀུན་ལ་ངོམ་ནས་ཀློག་པ་པོ་རྣམས་འཛམ་གླིང་གི་ཡང་རྩེར་བཀྲི་ནུས་ལ། ཡིག་གཟུགས་ཀྱི་ཐད་ནས་ཀྱང་བོད་ཡིག་གི་ཡིག་གཟུགས་སྟེ་རྒྱལ་སྤྱིའི་ཚད་ལྡན་ཨང་རྟགས་ཀྱི་བོད་ཡིག་ཡིག་གཟུགས་བཀོལ་སྤྱོད་བྱས་ཡོད།
          བོད་ཡིག་གི་དྲ་ངོས་འདི་བཟོ་བཅོས་བརྒྱབ་རྗེས་རྒྱལ་ཕྱིའི་ཀློག་པ་པོ་རྣམས་ལ་ཚོར་སྣང་གསར་པ་ཞིག་སྦྱིན་སྲིད། ལྷག་པར་དུ་གསར་འགྱུར་དང་། ཆོས་ལུགས། སྒྱུ་རྩལ། བོད་སྨན། དམངས་སྲོལ། དཔེ་དེབ། པར་མཛོད། གློག་རྡུལ་དུས་དེབ། སྒྲ་བརྙན་ལྟེ་གནས། དྲི་བ་འདོན་ས་སོགས་ལེ་ཚན20ཙམ་བཀོད་སྒྲིག་བྱས་ཡོད་པས། ནང་དོན་ཕུན་སུམ་ཚོགས་ཤིང་། པར་རིས་དང་ཡི་གེ་ཟུང་འབྲེལ་བཅས་རྣམ་པ་སྣ་ཚོགས་ཀྱི་ལམ་ནས་རྒྱལ་ཕྱི་རྒྱལ་ནང་གི་བོད་ཡིག་ཀློག་མཁན་རྣམས་ཀྱི་དགོས་མཁོར་གཞིགས་ནས་བློ་ཁ་བསྟུན་ཅི་ཐུབ་བྱས་ཡོད། ད་ཐེངས་ཀྱི་དྲ་ངོས་གསར་པས་གཙོ་བོ་སྒྲ་བརྙན་ལྟེ་གནས་དང་། དཔེ་དེབ་སོགས་བོད་ཡིག་དྲ་དམངས་ཀྱིས་དགའ་བསུ་ཆེན་པོ་བྱེད་པའི་ཚན་པ་དག་ལ་ཤུགས་སྣོན་བརྒྱབ་སྟེ། དྲ་ངོས་ཀྱི་ཀློག་འདོན་རང་བཞིན་དང་། ལྟ་ཉན་རང་བཞིན། ཕྱོགས་བསྡུས་རང་བཞིན་བཅས་སྔར་ལས་ཇེ་ལེགས་ཇེ་རྒྱས་སུ་བཏང་བ་དང་། དྲ་བའི་རང་རྐྱ་ཐུབ་པའི་ནང་དོན་གཟེངས་སུ་ཐོན་པ་བྱས་ནས་བོད་ཡིག་ཀློག་མཁན་རྣམས་ཀྱི་གོམས་འདྲིས་སུ་གྱུར་པའི་ཀློག་སྟངས་དང་བསྟུན་ཅི་ཐུབ་བྱས་པ་མ་ཟད།“དྲི་བ་འདོན་ས”ཡང་ཤར་གཏོང་བྱས་ཡོད། 
        ཀྲུང་གོའི་བོད་ལྗོངས་དྲ་བའི་བོད་ཡིག་དྲ་ངོས་འདི་ཐོག་མར2001ལོའི་ཟླ་དང་པོར་ཤར་གཏོང་བྱས་ཤིང་། བོད་ཡིག་གི་དྲ་ངོས་སྔ་གྲས་ཡིན་ལ།རྒྱལ་ནང་གི་བོད་ཡིག་གི་དྲ་བའི་མཚམས་སྦྱོར་ཚན་པ་ཐོག་མའང་ཡིན་པས། རྒྱལ་ནང་གི་བོད་ཡིག་ཆ་འཕྲིན་ཅན་དུ་འཕེལ་བར་སྐུལ་འདེད་བཏང་ཡོད། 
        བོད་ཡིག་ནི་སྒྲ་སྦྱོར་ཡི་གེའི་རིགས་སུ་གཏོགས་པ་དང་ལོ་ངོ་ཆིག་སྟོང་ལྷག་གི་ལོ་རྒྱུས་ལྡན་ཞིང་། དེང་སྐབས་ཀྲུང་གོའི་ནང་ཁུལ་ཀྱི་བོད་རིགས་ཕུད། བལ་པོ་དང་། འབྲུག་ཡུལ། རྒྱ་གར་ནང་ཁུལ། དེ་མིན་ཡོ་རོབ་དང་ཨ་རི་སོགས་རྒྱལ་ཁབ་ཀྱི་མི་ཁག་ཅིག་གིས་ཀྱང་བོད་ཡིག་བཀོལ་སྤྱོད་བྱེད་ཀྱིན་ཡོད།

འབྲེལ་ཡོད་འོས་སྦྱོར།