logo

དཔའ་རིས་མི་རིགས་སློབ་འབྲིང་དུ་ཡིག་རིས་འགྲེམ་སྟོན་སྤེལ་པ།

རྩོམ་པ་པོ།:ལྷ་མོ་ཚེ་སྐྱིད། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2010-12-20 ཀློག་གྲངས།:


བསམ་བློ་བརྗེ་རེས་བྱེད་པ།


སློབ་གྲྭ་འབྲིང་ཆུང་གི་དགེ་རྒན་རྣམས་ཀྱིས་ཐང་ཀའི་མཛེས་རྩལ་མྱོང་བཞིན་པ།


ཆེད་ལས་སློབ་གྲྭའི་སློབ་གཙོ་མཆོག་གྲུབ་ཀྱིས་ཕྱག་འབྲི་གནང་པ།

              2010ལོའི་ཟླ12ཚེས19ཉིན།  དཔའ་རིས་མི་རིགས་སློབ་འབྲིང་དུ་ཡིག་རིས་འགྲེམ་སྟོན་སྤེལ་ཞིང་།  རྫོང་ཡོངས་ཀྱི་སྙན་གྲགས་རྒྱས་པའི་ཆེད་མཁས་མི་སྣ་དག་དཔའ་རིས་མི་རིགས་སློབ་འབྲིང་དུ་གདན་དྲངས་ཏེ་ཇ་སྟོན་གྲོས་ཚོགས་སུ་ཞུགས་པ་དང་།  དེའི་རྗེས་སློབ་གྲྭའི་ཡིག་རིས་འགྲེམ་སྟོན་ཁང་དུ་རྣམ་པ་ཚོས་བསམ་བློ་བརྗེ་རེས་དང་ལས་ཡུལ་དངོས་སུ་སྨྱུག་རྩེའི་མཛེས་རྩལ་གྱི་ཡིག་རིས་མངོན་པ་རེད།


ཆེད་མཁས་མི་སྣ་དག་གིས་ཕྱག་བྲིས་གནང་བཞིན་ཡོད་པ།


སློབ་མའི་སྦྱང་རིས།

                       ཚོགས་ཐོག་ཏུ།    དཔའ་རིས་མི་རིགས་སློབ་འབྲིང་གི་ཡིག་གཟུགས་འབྲི་རྩལ་དང་།     རི་མོ་སྣ་ཚོགས།    ལྷག་པར་དུ་ཐང་ཀའི་འབྲི་རྩལ་སོགས་ལ་ཆེད་མཁས་མི་སྣ་གང་མང་ཞིག་གིས་རེ་བ་ཆེན་པོ་བཅིངས་ཤིང་།  ད་དུང་མུ་མཐུད་དུ་མཐོར་འདེགས་བྱེད་རྒྱུར་དང་།   རྗེས་ཀྱི་མཐོ་རྒྱུགས་སྐབས་སུ་ལག་རྩལ་སློབ་མ་གང་མང་གསོ་སྐྱོང་དང་མི་རིགས་རིག་གནས་གོང་ནས་གོང་དུ་སྤེལ་པར་སྙིང་ཐག་པ་ནས་སྨོན་འདུན་ཞུ་པ་རེད།


འབྲེལ་ཡོད་འོས་སྦྱོར།