logo

སྙན་ངག་གི་མཛེས་ཉམས་ལ་བརྟེན་ནས། མཛེས་སྡུག་གི་མཚོ་ནུབ་བསྟོད་ཅེས་པའི་སྙན་ངག་གྱེར་འདོན་དང་གླུ་དབྱངས།

རྩོམ་པ་པོ།:ལྷ་མོ་ཚེ་སྐྱིད། ཡོང་ཁུངས།: མཚོ་སྔོན་པོ་དྲ་བ། དུས་ཚོད།:2010-12-17 ཀློག་གྲངས།:


གླུ་དབྱངས་ལེན་བཞིན་པའི་སློབ་མའི་ཚན་སྡེབ།


གྱེར་འདོན་བྱེད་བཞིན་པའི་དགེ་རྒན་ལྕགས་འབུམ་ཚེ་རིང་།

              རྒྱུས་ལོན་བྱས་པ་ལྟར་ན།  མཚོ་ནུབ་ཁུལ་དུ་སྙན་ངག་གི་མཛེས་ཉམས་ལ་བརྟེན་ནས། མཛེས་སྡུག་གི་མཚོ་ནུབ་བསྟོད་ཅེས་པའི་སྙན་ངག་གྱེར་འདོན་དང་གླུ་དབྱངས་ཀྱི་འགྲན་བསྡུར་སྤེལ་རྩིས་ཡོད་པ་རེད་ཟེར།
              ཐེམ་ཆེན་རྫོང་མི་རིགས་སློབ་འབྲིང་གི་དགེ་རྒན་གསུམ་དང་། སློབ་མ་བདུན། ཚན་སྡེབ་གཅིག་བཅས་ཐེངས་འདིའི་སྙན་ངག་གི་མཛེས་ཉམས་ལ་བརྟེན་ནས།  མཛེས་སྡུག་གི་མཚོ་ནུབ་བསྟོད་ཅེས་པའི་གླུ་དབྱངས་དང་སྙན་ངག་གྱེར་འདོན་གྱི་གྲ་སྒྲིག་འགྲན་བསྡུར་དུ་ཞུགས་ཏེ།    གཡུར་དུ་ཟ་བའི་གྲུབ་འབྲས་བླངས་ཤིང་། ཐེངས་འདིའི་འགྲན་བསྡུར་བརྒྱུད་ནས་དགེ་སློབ་དག་གིས་རིག་རྩལ་ལ་སྤྲོ་བའི་འདུ་ཤེས་སྔར་ལས་ཇེ་ལེགས་སུ་གཏོང་བར་རྨང་གཞི་ཟབ་མོ་བཏང་།
              རྒྱུན་པར་བསླབ་བྱ་སྦྱང་བ་ནི་གལ་ཆེན་དུ་རྩིས་པ་བདེན་ཡང་།  ལག་ལེན་བྱེད་རྒྱུ་ནི་དེ་བས་ཀྱང་འགངས་ཆེན་དུ་སྣང་ལ།  ཏག་ཏག་གཞུང་ལུགས་དང་ལག་ལེན་ཟུང་སྦྲེལ་བྱས་པ་ལས་འབྲས་བུ་ཞིག་མངོན་པར་བཏོད་རྒྱུ་ཡོད་པ་དང་།  གོ་བསྐོན་བློ་འགུག་གི་མྱོང་ཚོར་ཟབ་མོ་སྦྱིན་ངེས།   དེར་བརྟེན།   ལག་ལེན་གྱི་མི་སྒེར་ལ་ཡང་རང་ཉིད་ཀྱི་ཁ་ཕྱོགས་གསལ་བོ་ཞིག་ལྡན་ངེས་རེད།


འབྲེལ་ཡོད་འོས་སྦྱོར།