logo

མགོ་ལོག་ཁུལ་གྱི《གླིང་གེ་སར》སྒྱུ་རྩལ་པའི་གཞིས་ཁྱིམ་རྒྱལ་ཡོངས་ཀྱི་མ་དཔེ་རུ་གྱུར་ཡོད།

རྩོམ་པ་པོ།:འབྲུག་བྱམས་རྒྱལ་གྱིས་བསྒྱུར། ཡོང་ཁུངས།:གོ་ལོག་བོད་རིགས་རང་སྐྱོང་ཁུལ་མི་དམངས་སྲིད་གཞུང་གི་བོད་ཡིག་དྲ དུས་ཚོད།:2010-12-15 ཀློག་གྲངས།:
  ཟླ12ཚེས7ཉིན།  རྒྱལ་ཡོངས《གེ་སར》བྱ་བའི་འགོ་ཁྲིད་ཚན་ཆུང་གཞུང་ལས་ཁང་གི་གཙོ་འགན་ནོར་བུ་དབང་ལྡན་གྱིས་བཤད་རྒྱུར།  ཟླ་འདིའི་ཚེས2ཉིན་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་གྱི་དཔེ་མཛོད་ཁང་དུ་ཚུགས་པའི་རྒྱལ་ཡོངས་ཀྱི་ཆེས་ཐོག་མའི《གླིང་གེ་སར》སྒྱུ་རྩལ་པའི་གཞིས་ཁྱིམ་ནི་ནང་དོན་བཀོད་སྒྲིག་བྱས་པ་འོས་ཤིང་འཚམས་ལ་བཀྲམ་སྟོན་གྱི་འགེལ་རིས་མཛེས་ཤིང་སྤུས་དག་རེད།  རྒྱལ་ནང་གི་གེ་སར་དར་ཡོད་པའི་ས་ཆ་གཞན་དག་གིས་སྒྲུང་བའི་དུད་ཁྱིམ་འཛུགས་བསྐྲུན་བྱེད་དུས་མགོ་ལོག་གི་《གླིང་གེ་སར》སྒྱུ་རྩལ་པའི་གཞིས་ཁྱིམ་མ་དཔེར་འཇོག་དགོས།
          ནོར་བུ་དབང་ལྡན་གྱིས་མཚམས་སྦྱོར་བྱས་པ་ལྟར་ན།  ན་ནིང་《གེ་སར》འཛམ་གླིང་དངོས་མིན་རིག་གནས་ཤུལ་བཞག་གི་གྲས་སུ་བདམ་པ་ནས།  རང་རྒྱལ་གྱིས་སྔར་ལས་ལྷག་པར་ཐབས་བཀོད་སྣ་ཚོགས་འཐེན་ནས་སྲུང་སྐྱོབ་དང་ཞིབ་འཇུག  བརྒྱུད་སྤྲོད་བྱས་པ་ཡིན། མཚོ་སྔོན་དང་ཟི་ཁྲོན།  ལྷ་ས་སོགས་《གེ་སར》དར་ཡོད་པའི་ཞིང་ཆེན་དང་ལྗོངས་སུ་《གླིང་གེ་སར》སྒྱུ་རྩལ་པའི་གཞིས་ཁྱིམ་འཛུགས་པ་ནི་གེ་སར་རིག་གནས་ལ་སྲུང་སྐྱོབ་བྱེད་པའི་ཐབས་ཤེས་ཤིག་ཡིན།  མགོ་ལོག་གི་《གླིང་གེ་སར》སྒྱུ་རྩལ་པའི་གཞིས་ཁྱིམ་ནི་རྒྱལ་ཡོངས་སུ་མིང་བྱང་བཀལ་ནས་དངོས་སུ་ཚུགས་པའི་སྒྱུ་རྩལ་པའི་གཞིས་ཁྱིམ་ཐོག་མ་ཡིན།


འབྲེལ་ཡོད་འོས་སྦྱོར།