logo

དཔའ་རིས་རྫོང་གིས་དེང་རབས་སློབ་གསོའི་ལག་རྩལ་གསོ་སྦྱོང་དང་བེད་སྤྱོད་ཁྱབ་བརྡར་གཏོང་བའི་ཚོགས་འདུ་ཚོགས།

རྩོམ་པ་པོ།:དཔལ་ཆེན། ཡོང་ཁུངས།: དཔའ་རིས་མི་རིགས་སློབ་འབྲིང་། དུས་ཚོད།:2010-12-15 ཀློག་གྲངས།:


སློབ་གསོ་སློབ་ཁྲིད་ནང་ཆ་འཕྲིན་ལག་རྩལ་བཀོལ་སྤྱོད་བྱེད་པ།


དཔའ་རིས་མི་རིགས་སློབ་གྲྭའི་ཉམས་མྱོང་ངོ་སྤྲོད་བྱེད་བཞིན་པ།

             ཉེ་ལམ་དཔའ་རིས་བོད་རིགས་རང་སྐྱོང་རྫོང་གིས་དེང་རབས་སློབ་གསོའི་ལག་རྩལ་གསོ་སྦྱོང་དང་བེད་སྤྱོད་ཁྱབ་བརྡར་གཏོང་བའི་ཚོགས་འདུ་ཚོགས།   ལོ་བཅུ་ཁའི་རིང་ལ་དཔའ་རིས་རྫོང་སློབ་གསོ་སློབ་ཁྲིད་ནང་ཆ་འཕྲིན་ལག་རྩལ་བཀོལ་སྤྱོད་ལེགས་པས་ཀན་སུའུ་ཞིང་ཆེན་གྱི་སྔོན་ཐོན་གྲས་སུ་ཡོད་པ་མ་ཟད་ད་དུང་རྒྱལ་ཡོངས་སུ་མིང་གྲགས་ཅན་ཡིན།    ད་ཐེངས་ཀྱི་ཚོགས་འདུའི་གཙོ་བོ་ནི་ལོ་འདི་ཤས་རིང་དཔའ་རིས་རྫོང་གི་ཆ་འཕྲིན་ལག་རྩལ་སློབ་གསོའི་གནས་ཚུལ་ལ་ཕྱོགས་བསྡོམས་བྱེད་པ་དང་།    ཉམས་མྱོང་བརྗེ་རེས།    མིག་དཔེར་སློབ་སྦྱོང་དང་།  གློག་རྡུལ་སམ་ཊ་བེད་སྤྱོད་ཁྱབ་བརྡར་བྱེད་པའི་ཚོགས་འདུ་ཞིག་ཀྱང་ཡིན།


འབྲེལ་ཡོད་འོས་སྦྱོར།