logo

སློབ་གསོ་ཐེབས་རྩ་ཚོགས་པས་ཁྲི་ཀ་རྫོང་གི་སློབ་ཆེན་སློབ་མ162ལ་རོགས་སྐྱོར་བྱས།

རྩོམ་པ་པོ།:ལྷ་མོ་ཚེ་སྐྱིད། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2010-12-07 ཀློག་གྲངས།:

  ཟླ12པའི་ཚེས3ཉིན།  ཁྲི་ཀ་རྫོང་སློབ་གསོ་ཐེབས་རྩ་ཚོགས་པས་སློབ་ཆེན་སློབ་མར་རོགས་སྐྱོར་གྱི་བྱ་འགུལ་སྤེལ་ཞིང་།  ལས་དོན་འདི་ཕྱོགས་ཡོངས་ནས་དོན་ཐོག་ཏུ་འཁྱོལ་བར།  ཐེབས་རྩ་ཚོགས་པས་ཆེད་དུ་འགན་ཁུར་མི་སྣ་མངགས་ཏེ་སློབ་ཆེན་སློབ་མའི་རྒྱབ་ལྗོངས་ལ་གཟབ་ནན་སྒོས་ཞིབ་བཤེར་བྱས་ཤིང་།  སྔ་རྗེས་སུ་ལས་འཛིན་ལྷན་ཚོགས་ཐེངས་དུ་མར་བསྡུས་ཏེ།  མཐར་མར་སློབ་ཆེན་སློབ་མ162ནི2010ལོའི་སློབ་གསོ་ཐེབས་རྩ་ཚོགས་པའི་རོགས་སྐྱོར་བྱེད་ཡུལ་དུ་གཏན་འཁེལ་བྱས།
  འདི་ཡང་སྣ་གསུམ་དུ་བཀར་ཡོད་དེ།   དང་པོ་ནི་སློབ་མ11ལ་རོགས་སྐྱོར་ཐེབས་རྩའི་སྒོར2500སྟེར་རྒྱུ་ཡིན་པ།  གཉིས་པ་ནི་སློབ་མ62ལ་རོགས་སྐྱོར་བྱེད་ཐེབས་རྩའི་སྒོར2000སྟེར་རྒྱུ་ཡིན་པ།   གསུམ་པ་ནི་སློབ་མ89ལ་རོགས་སྐྱོར་ཐེབས་རྩའི་སྒོར1500སྟེར་རྒྱུ་ཡིན་ཞིང་།   ཁྱོན་བསྡོམས་པས་ཐེབས་རྩའི་སྒོར་ཁྲི་ཚོ28.5ཡིས་རོགས་སྐྱོར་བྱེད་རྒྱུ་རེད། 


འབྲེལ་ཡོད་འོས་སྦྱོར།