logo

དགེ་རྒན་དཔའ་མོ་སོགས་ཀྱིས་ཁྲི་ཀ་ནས་འཕྲོད་བསྟེན་རྒྱུན་ཤེས་ཁྱབ་གདལ་དུ་གཏོང་བའི་བྱ་འགུལ་སྤེལ།

རྩོམ་པ་པོ།:ཚེ་རིང་སྐལ་སྐྱིད། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2010-10-27 ཀློག་གྲངས།:


དགེ་རྒན་དཔའ་མོ་སོགས་ཀྱིས་བུད་མེད་རྣམས་ལ་འཕྲོད་བསྟེན་རྒྱུན་ཤེས་སྐོར་གླེང་བ།

   ཟླ10བའི་ཚེས1ཉིན་གྱི་སྔ་དྲོ།  ནུབ་བྱང་མི་རིགས་སློབ་ཆེན་གྱི་དགེ་རྒན་དཔའ་མོ་སོགས་མི་དགུ་མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་ཁྲི་ཀའི་འཕྲང་དམར་གྲོང་རྡལ་དུ་རང་འགུལ་གྱིས་གྲོང་སྡེབ་ཏུ་ཞུགས་ཏེ་འཕྲོད་བསྟེན་གྱི་རྒྱུན་ཤེས་སྐོར་ཁྱབ་གདལ་དུ་གཏོང་བའི་བྱ་འགུལ་སྤེལ་ཞིང་། མཚོ་སྔོན་ཞིང་ཆེན་དང་ཀན་སུའུ་ཞིང་ཆེན་གྱི་སྨན་བཅོས་མི་སྣ་གཉིས་དང་།  སྤྲོ་སེམས་འཕུལ་བའི་མི་སྣ་ལྔ།   སློབ་གླིང་སློབ་མ་གཉིས་སོགས་ནི་ཐེངས་འདིའི་བྱ་འགུལ་སྤེལ་བའི་ཁུམས་མི་གཙོ་བོ་ཡིན།


འཕྲོད་བསྟེན་སྐོར་གྱི་སྤྱི་ཕན་བྱ་འགུལ་སྤེལ་བཞིན་པ།

    ཟླ10བའི་ཚེས1ཉིན་བྱ་འགུལ་སྤེལ་པ་ནས་བཟུང་འཕྲང་དམར་གྲོང་རྡལ་གྱི་གྲོང་སྡེ་དགུའི་བུད་མེད136ལྷག་ལ་འཕྲོད་བསྟེན་གྱི་རྒྱུན་ཤེས་དང་སྔོན་འགོག་ཕྱོགས་གསལ་སྟོན་གནང་་བ་མ་ཟད།  ཡུལ་དངོས་ནས་མི་རེ་རེར་བློ་འདོན་ཞབས་འདེགས་བྱས་ཤིང་།  བུད་མེད་རྣམས་ལ་འཕྲོད་བསྟེན་རྒྱུན་མཁོ་དང་རྒྱུན་སྤྱོད་སྨན་རྫས་བྱིན་པ་རེད།
    དེ་དང་ཆབས་ཅིག་ཏུ།  ཁོ་ཚོ་རང་འགུལ་གྱིས་ས་གནས་ཀྱི་དཀའ་ངལ་ཆེ་བའི་ཁྱིམ་ཚང་རེ་རེ་ལ་སོང་་ནས་དཀའ་ཁག་དྲིས་པ་བརྒྱུད།  ལོ14ཅན་གྱི་བུ་མོ་གནམ་རྒྱལ་འཚོ་ཁྱིམ་ཚང་གི་དཀའ་ངལ་ཁྲོད་སློབ་མཚམས་འཇོག་ལ་ཉེ་བ་རྟོགས་ཏེ།  ཁོ་ཚོས་དེ་མ་ཐག་སྒོར300ཕུལ་ཞིང་བུ་མོ་གནམ་རྒྱལ་འཚོ་་མུ་མཐུད་དུ་སློབ་གྲྭ་ལ་ཞུགས་པར་སྐུལ་མ་བྱས་པ་མ་ཟད།  མོའི་སློབ་ཡོན་ལ་རོགས་རེམ་བྱེད་པར་སྤྲོ་སེམས་ཅན་གྱི་མི་ཞིག་འཚོལ་པར་ཁས་བླངས་པ་རེད།


དགེ་རྒན་དཔའ་མོ་སོགས་བྱ་འགུལ་ཁྲོད་ཞུགས་པའི་བུད་མེད་རྣམས་དང་ལྷན་དུ་པར་བླངས་པ།

    ཐེངས་འདིའི་བྱ་འགུལ་སྤེལ་པར་བརྒྱུད་ནས།  སྤྱི་ཚོགས་ལས་རིགས་སོ་སོས་བོད་ཀྱི་ཞིང་ཕྱུགས་ས་ཁུལ་གྱི་བུད་མེད་དང་བྱིས་པ་ལ་ལྟ་རྟོགས་གང་མང་གནང་རྒྱུ་དང་།  མི་སུ་དང་སུ་ཡིན་རུང་དངོས་གནས་རམ་འདེགས་བྱེད་དགོས་པའི་བུད་མེད་དང་བྱིས་པ་ལ་གང་ཐུབ་ཀྱིས་རོགས་རམ་བྱས་ནས།   སྤྱི་ཚོགས་ཡོངས་ཀྱི་གྲུ་ཟུར་རེ་ན་དགེ་བ་དང་བྱམས་སྙིང་རྗེའི་དཔལ་ལྟེམས་ཤིང་།  སྤྱི་ཚོགས་སྔར་ལས་འཆམ་མཐུན་དང་། མང་ཚོགས་སྔར་ལས་བདེ་ཐང་བྱེད་ཐུབ་པར་དགོས། 
                                                                                                                                                                                                ལོ་ཙཱ་བ།  ལྷ་མོ་ཚེ་སྐྱིད།


འབྲེལ་ཡོད་འོས་སྦྱོར།