logo

༄༅།། བོད་ཀྱི་ན་གཞོན་གཡེར་སྐྱོང་མཐར་ཕྱིན་གྱི་བྱས་རྗེས་ལ་སློབ་སྦྱོང་བྱེད་པའི་བཞུགས་མོལ་ཚོགས་འདུ་ཚོགས་པ

རྩོམ་པ་པོ།:མི་གསལ། ཡོང་ཁུངས།:ཀྲུང་གོ་བོད་ཀྱི་དྲ་བ། དུས་ཚོད།:2008-11-28 ཀློག་གྲངས།:


རྒྱལ་ཡོངས་ཀྱི་ཕུལ་བྱུང་ན་གཞོན་ཆེན་མོ་བཅུའི་མཚན་སྙན་ཐོབ་པའི་བོད་རིགས་ན་གཞོན་གཡེར་སྐྱོང་མཐར་ཕྱིན།

བོད་ཀྱི་ན་གཞོན་གཡེར་སྐྱོང་མཐར་ཕྱིན་གྱི་བྱས་རྗེས་ལ་སློབ་སྦྱོང་བྱེད་པའི་བཞུགས་མོལ་ཚོགས་འདུའི་ཚོགས་ཡུལ།

    བོད་ཀྱི་ན་གཞོན་གཡེར་སྐྱོང་མཐར་ཕྱིན་གྱི་བྱས་རྗེས་ལ་སློབ་སྦྱོང་བྱེད་པའི་བཞུགས་མོལ་ཚོགས་འདུ་དེ་ཚེས༡༨ཉིན་གྱི་ཕྱི་དྲོའི་དུས་ཚོད་གཉིས་དང་ཕྱེད་ཀའི་སྟེང་མཚོ་སྔོན་ཞིང་ཆེན་གུང་གཞོན་ཚོགས་པ་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཁང་ནས་བསྡུས།
    མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན།ཞིང་ཆེན་སྤྱིའི་བཟོ་ཚོགས་ཀྱི་ཀྲུའུ་ཞི་མུའུ་ཏུང་ཧྲིན་ཚོགས་འདུར་ཞུགས་ཏེ་གཏམ་གལ་ཆེན་བཤད་པར་མ་ཟད་དངོས་སུ་བོད་ཀྱི་ན་གཞོན་བཟོ་རིག་སྒྱུ་རྩལ་པ་གཡེར་སྐྱོང་མཐར་ཕྱིན་ལ་ཐེངས་འདིའི་བྱ་དགའ་བྱིན།ཞིང་ཆེན་གུང་གཞོན་ཚོགས་པ་ཨུ་ཡོན་ལྷན་ཁང་སོགས་འབྲེལ་ཡོད་ལས་ཁུངས་ཀྱི་མགོ་ཁྲིད་པ་དང་སྤྱི་ཚོགས་ལས་རིགས་སོ་སོའི་འཐུས་མི་བཅས་མི་ལྔ་བཅུ་ལྷག་ཐེངས་འདིའི་གྲོས་ཚོགས་སུ་ཞུགས་ཡོད་པ་དང་།ཁོ་ཚོས་ལང་ལོང་སྒོས་བོད་ཀྱི་ན་གཞོན་བཟོ་རིག་སྒྱུ་རྩལ་པ་གཡེར་སྐྱོང་མཐར་ཕྱིན་གྱིས་དཀའ་སྡུག་གི་འཚོ་བའི་དངུལ་ཆུའི་ཁྲོད་ནས་མེས་རྒྱལ་དང་མི་རིགས་ཀྱི་བཟོ་རིག་རིག་གནས་ཀྱི་སྐྱེད་ཚལ་ཡངས་པོར་དྲི་བསུང་རབ་ཏུ་འཐུལ་བའི་བཟོ་རིག་སྒྱུ་རྩལ་གྱི་མེ་ཏོག་རྐང་གཅིག་གསར་དུ་བསྣན་ཏེ་ད་ལོར་ཁོ་རང་ལརྒྱལ་ཡོངས་ཀྱི་ཕུལ་བྱུང་ན་གཞོན་ཞིང་པ་བཅུའིམཚན་སྙན་ཐོབ་པ་ལ་བསྟོད་བསྔགས་དང་གདེང་འཇོག་ཚད་མཐོན་པོ་བྱས་པར་མ་ཟད།སྤྱི་ཚོགས་ལས་རིགས་སོ་སོའི་ན་གཞོན་རྣམས་ཀྱིས་བྱང་ཐང་གི་ཕྱུགས་རྫི་ཕལ་བ་ཞིག་ནས་རང་གི་བློ་གྲོས་དང་བརྩོན་འགྲུས་ལ་བརྟེན་ནས་བཟོ་རིག་སྒྱུ་རྩལ་གྱི་བཤུལ་ལམ་བསྙེགས་པའི་བོད་ཀྱི་ན་གཞོན་བཟོ་རིག་སྒྱུ་རྩལ་པ་གཡེར་སྐྱོང་མཐར་ཕྱིན་གྱི་བློ་གྲོས་དང་སྙིང་སྟོབས་འདི་འདྲ་ལ་དུས་ནམ་ཡིན་ཡང་སློབ་སྦྱོང་བྱེད་དགོས་པའི་སྐུལ་མ་བཏང་། །


འབྲེལ་ཡོད་འོས་སྦྱོར།