མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གི་བོད་ཡིག་དྲ་བ་དང་མཚོ་སྔོན་པོ་དྲ་བ་གཉིས་ཀྱིས་ཕན་ཚུན་ཉམས་མྱོང་སྤེ
ཀྲུའུ་རིན་ལའེ་ཧྥུ་ཡུག་ལགས་ལ་མཚོ་སྔོན་པོ་དྲ་བ་མཚམས་སྦྱོར་བྱེད་བཞིན་པའི་ཚུལ།
དྲ་ཁང་གཉིས་ཀའི་བློ་མཐུན་ཚོས་མཉམ་བསྐྱོན་འདྲ་པར།
ཟླ༡༢པའི་ཚེས༡༦ཉིན། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གཞུང་ལས་ཐིན་ཆ་འཕྲིན་ལག་རྩལ་གཞུང་ལས་ཁང་གི་ཀྲུང་རིན་ལའེ་ཧྥུ་ཡུག་དང་བཅས་མི་དྲུག་ཆེད་དུ་མཚོ་སྔོན་པོ་དྲ་བར་ཡོང་ནས་ཕན་ཚུན་ཉམས་མྱོང་སྤེལ་རེས་བྱས། མཚོ་སྔོན་པོ་དྲ་བས་དབུ་ཚུགས་ལ་ཉེ་བའི་མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གི་བོད་ཡིག་དྲ་བར་ལག་རྩལ་གྱི་ཕྱོགས་ནས་རྒྱབ་རོགས་བྱས་ཏེ། རྒྱལ་སྤྱིའི་ཚད་ལྡན་ཨང་སྒྲིག་བོད་ཡིག་ཡིག་གཟུགསhimalayaབཀོལ་སྤྱོད་ཕྱོགས་ཀྱི་གནད་དོན་ཐག་གཅོད་བྱེད་རོགས་བྱས།
ཀྲུའུ་རིན་ལའེ་ཡུག་ཧྥུ་ཡིས་མཚོ་སྔོན་པོ་དྲ་བའི་གཞི་རྩའི་གནས་ཚུལ་ལ་གཏིང་ཟབ་པའི་སྒོ་ནས་རྒྱུས་ལོན་བྱས་རྗེས། མཚོ་སྔོན་པོ་དྲ་བའི་བོད་ཡིག་དང་། རྒྱ་ཡིག་གི་སྤྱི་ཚོགས་ལ་ཐོན་པའི་ཕན་འབྲས་དང་སྙན་གྲགས་ཚད་ལ་གདེང་འཇོག་ཚད་མཐོན་པོར་གནང་བ་མ་ཟད། མཛུབ་སྟོན་རང་བཞིན་གྱི་བསམ་འཆར་དང་གྲོས་གཞི་བཏོན་པ་དང་། མཚོ་སྔོན་པོ་དྲ་བའི་རྨང་གཞི་སྒྲིག་ཆས་ཞན་པ་ལ་སོགས་པའི་དངོས་ཡོད་གནས་ཚུལ་ལ་དམིགས་ཏེ། ས་གནས་དྲ་རྒྱའི་ཆ་འཕྲིན་གྱི་ལས་སྟེགས་གལ་ཆེན་ཞིག་ཏུ་བརྩིས་ནས་རྒྱབ་སྐྱོར་བྱ་ཡུལ་དུ་འཇོག་རྒྱུ་ཡིན་པ་རེད།
