གྲོང་གསེབ་ཏུ་ཕྱི་རྒྱལ་གྱི་དགེ་རྒན་ཕེབས་པ།
ལིན་ཏཱ་ཡིས་སློབ་མ་རྣམས་ལ་དབྱིན་སྐད་ཀྱི་གླུ་གཞས་སློབ་བཞིན་པའི་ཚུལ་རེད།
མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གུང་ཧོ་རྫོང་གི་རིག་སྨོན་ཞང་རྒྱ་ཡེ་ཞག་སྡོད་སློབ་ཆུང་ནི་མཛེས་སྡུག་ལྡན་པའི་མཚོ་སྔོན་པོའི་འགྲམ་དུ་ཡོད་ཅིང་། ༡༩༩༤ལོའི་ཟླ༨པའི་ཉིན་ཞིག་ལ་སློབ་ཆུང་འདིར་ཨ་མེ་རི་ཁ་ནས་དབྱིན་ཡིག་དགེ་རྒན་ལིན་ཏཱ་ཞེས་པ་ཞིག་ཕེབས་པ་དང་། དགེ་རྒན་ལིན་ཏཱ་ལགས་ཀྱིས་སློབ་ཁྲིད་གནང་བའི་ཞོར་དུ་རང་གིས་སློབ་སྦྱོང་བྱས་ཏེ། མོའི་འབུམ་རམས་པའི་མཐར་ཕྱིན་དཔྱད་རྩོམ་སྟེ《ཅི་ལྟར་བྱས་ཏེ་གྲངས་ཉུང་མི་རིགས་ས་ཁུལ་གྱི་སློབ་མའི་དབྱིན་ཡིག་སྦྱོང་བར་རོགས་བྱེད་པ》ཞེས་པ་འབྲི་བའི་དོན་དངོས་ཀྱི་རྒྱུ་ཆ་འཚོལ་བསྡུ་བྱས་པ་རེད། ༡༩༩༥ལོར། ནོ་ཝེར་རྒྱལ་ཁབ་ནས་ཕེབས་པའི་དགེ་རྒན་ཁར་ཁུ་ནོ་ཝེན་ལགས་གུང་ཧོ་རྫོང་གི་རིག་མོ་ཞང་རྒྱ་ཡེ་རུ་ཡོང་ནས་ཞག་སྡོད་སློབ་གྲྭའི་དབྱིན་ཡིག་དགེ་རྒན་གྱི་འགན་བཞེས་པ་མ་ཟད། ད་དུང་རང་མིང་ལ་སྐལ་བཟང་རྡོ་རྗེ་ཞེས་པའི་བོད་མིང་ཞིག་ཀྱང་བཏགས་པ་རེད།
ཁར་ཁུ་ནོ་ཝེན་ལགས་དང་བོད་རིགས་སློབ་མ་རྣམས་ཀྱིས་སློབ་གྲྭའི་གློག་ཀླད་ཁང་དུ་གློག་ཀླད་སྦྱོང་བཞིན་པའི་ཚུལ་རེད།
ཕྱིའི་སྐད་ཡིག་སློབ་འདོད་པའི་མི་ཞིག་ལ་མཚོན་ན། ཕྱི་རྒྱལ་ནས་ཕེབས་པའི་དགེ་རྒན་ནི་དུས་ཐོག་གི་ཆར་ཡིན་པ་ནི་བརྗོད་མ་དགོས་པ་ཞིག་ཡིན་ལ། རི་ཁུག་དང་ལུང་ཀྱོག་ཏུ་ཡོད་པའི་གྲོང་གསེབ་ཀྱི་བྱིས་པ་རྣམས་ལ་མཚོན་ན། ཕྱི་རྒྱལ་ནས་ཕེབས་པའི་དགེ་རྒན་ནི་ཕྱིའི་སྐད་ཡིག་སློབ་པའི་དགེ་རྒན་ཙམ་དུ་མ་ཟད། ད་དུང་ཕྱིའི་འཇིག་རྟེན་ལ་ལྟ་བའི་སྒེའུ་ཁུང་ལྟ་བུར་ཡང་གྱུར་ཡོད་པ་རེད།
རང་རྒྱལ་གྱི་ཕྱི་ཕྱོགས་སྒོ་འབྱེད་སྲིད་ཇུས་ཀྱི་ཆ་ཤས་ཤིག་ཏུ་གྱུར་པ་སྟེ། ཕྱི་ཕྱོགས་སུ་སློབ་གསོ་བརྗེ་རེས་དང་མཉམ་ལས་བྱེད་པའི་བྱ་གཞག་དེ་ནི༡༩༧༨ལོ་ནས་བཟུང་དུས་རིམ་གསར་བ་ཞིག་ཏུ་སླེབས་ཡོད་པ་རེད། སློབ་གསོ་པུའུ་ནས་ཤེས་རྟོགས་བྱུང་བ་ལྟར་ན། ༢༠༠༧ལོའི་བར་དུ། རང་རྒྱལ་དུ་ཕྱི་རྒྱལ་གྱི་ཆེད་མཁས་པ་དང་དགེ་རྒ་༤༠༧༥༤ཡོད་ཅིང་། ཀྲུང་གོའི་གྲོང་གསེབ་ཏུ་ཕྱི་རྒྱལ་གྱི་དགེ་རྒན་འབྱོར་བ་ཡིས་བྱིས་པ་རྣམས་ཀྱི་མཐོང་རྒྱ་ཇེ་ཆེར་གྱུར་ཡོད་ལ། ཕྱི་རྒྱལ་གྱི་དགེ་རྒན་རྣམ་པས་སློབ་མའི་བློ་སྒོ་འབྱེད་པ་དང་། ཤེས་རིག་སྤེལ་བའི་དུས་མཚུངས་སུ་ད་དུང་ཀྲུང་གོའི་ལོ༣༠རིང་གི་སློབ་གསོའི་འཕེལ་རྒྱས་བདེན་དཔང་ཡང་བྱས་ཡོད་པ་རེད།
