དཔལ་དོན་གྲུབ་རྒྱལ་དང་དགེ་བའི་བཤེས་གཉེན་བཤད་སྒྲུབ་རྒྱ་མཚོ་རྣམ་པ་གཉིས་ཀྱི་གསུང་རྩོམ་བགྲོ་གླེང་ཚོགས་འདུ
ཚོགས་འདུའི་མཛད་སྒོ།
༢༠༠༨ལོའི་ཟླ༩བའི་ཚེས༡༩ནས༢༡ཉིན་བར་ལ་མཚོ་ལྷོ་ཁུལ་རྩོམ་རིགས་ལྷན་ཚོགས་དང་ཁུལ་མི་རིགས་སློབ་འབྲིང་གཉིས་ཀྱིས་བསྡུས་པའི“བོད་ཀྱི་དེང་རབས་རྩོམ་པ་པོ་གྲགས་ཅན་སྐུ་ཞབས་དོན་གྲུབ་རྒྱལ་དང་རྒན་བཤད་སྒྲུབ་རྒྱ་མཚོ་རྣམ་པ་གཉིས་ཀྱི་གསུང་རྩོམ་བགྲོ་གླེང་ཚོགས་འདུ”མཚོ་ལྷོའི་ཆབ་ཆ་རུ་གཟབ་རྒྱས་ངང་འཚོགས། མཚོ་སྔོན་ཞིང་ཆེན་རྩོམ་རིག་ལྷན་ཚོགས་ཀྱི་ཚོགས་གཙོ་གཞོན་པ་གཅོད་པ་དོན་གྲུབ་དང་། བོད་རང་སྐྱོང་ལྗོངས《བོད་ལྗོངས་སྒྱུ་རྩལ་ཞིབ་འཇུག》ཁང་གི་སྤྱི་ཁྱབ་རྩོམ་སྒྲིག་པ་ཟླ་བ་བཟང་བོ། མཚོ་སྔོན་དགེ་ཐོན་སློབ་ཆེན་མི་རིགས་དགེ་འོས་སློབ་གླིང་གི་སློབ་གཙོ་གཞོན་པ་བཀྲ་བྷོ། མཚོ་སྔོན་མི་རིགས་སློབ་ཆེན་བོད་རིག་པའི་སློབ་གླིང་གི་ཏང་ཙུའུ་ཧྲུའུ་ཅི་རྟ་མགྲིན་སོགས་འགོ་ཁྲིད་རྣམ་པ་བགྲོ་གླེང་ཚོགས་འདུར་ཞུགས་པར་མ་ཟད་གསུང་བཤད་གལ་ཆེན་ཡང་གནང་། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་མི་རིགས་སློབ་འབྲིང་གི་སློབ་གཙོ་གཞོན་པ་བསོད་ནམས་ཚེ་རིང་ལགས་ཀྱིས་བགྲོ་གླེང་ཚོགས་འདུར་འགོ་འཛིན་མཛད་པ་དང་། ཁུལ་རྩོམ་རིག་སྒྱུ་རྩལ་ལྷན་ཚོགས་ཀྱི་ཏང་ཙུའུ་ཧྲུའུ་ཅིའམ། ཀྲུའུ་ཞུ་རྡོ་རྗེ་ཚེ་རིང་ལགས་ཀྱིས་ཤིས་ཚིག་ཕུལ། བོད་རང་སྐྱོང་ལྗོངས་ཀྱི་བོད་རིག་པའི་མཁས་དབང་སྐུ་ཞབས་ཟླ་བ་བཟང་བོ་དང་ཞིང་ཆེན་ཡོངས་ཀྱི་མཁས་པའི་དབང་བོ་དང་། རྩོམ་པ་པོ། སློབ་གསོའི་ལས་རིགས་ཁག་གི་སྐད་གྲགས་ཅན་གྱི་ཆེད་ལས་མཁས་པ༦༧ཐེངས་འདིའི་བགྲོ་གླེང་ཚོགས་འདུར་ཞུགས།
ཁུལ་རྩོམ་རིག་སྒྱུ་རྩལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་ཆབ་འགག་རྡོ་རྗེ་ཚེ་རིང་གིས་བསུ་ཚིག་འབུལ་བ།
ཁུལ་མི་རིགས་སློབ་འབྲིང་གི་དགེ་རྒན་སྙིང་མོ་རྒྱལ་གྱིས་ཁོང་རྣམ་པ་གཉིས་ཀྱི་མཛད་རྗེས་གྱེར་འདོན་བྱེད་བཞིན་པ།
མཚོ་སྔོན་དགེ་ཐོན་སློབ་གྲྭ་ཆེན་མོ་མི་རིགས་དགེ་འོས་སློབ་གླིང་གི་དགེ་རྒན་ཆེན་མོ་རྒྱ་ཡེ་བཀྲ་བྷོ་ལགས་ཀྱིས་གསུངས་བཤད་གནང་བཞིན་པ།
ར་རྒྱ་འཇིགས་མེད་རྒྱལ་མཚན་སྒེར་བཙུགས་སློབ་གྲྭའི་དགེ་རྒན་ཆེན་མོ་ལྡོང་ཡོན་ཏན་རྒྱ་མཚོས་གསུངས་བཤད་གནང་བཞིན་པ།
ཆེད་ལས་མཁས་པ་འདི་དག་མཉམ་དུ་འཛོམས་ནས། དཔལ་དོན་གྲུབ་རྒྱལ་དང་མཁས་པའི་དབང་པོ་བཤད་སྒྲུབ་རྒྱ་མཚོ་རྣམ་གཉིས་ཀྱི་རྩོམ་རིག་སྒྱུ་རྩལ་དང་སློབ་གསོའི་གྲུབ་འབྲས་ལ་ནན་ཏན་གྱིས་དབྱེ་ཞིབ་དང་། བགྲོ་གླེང་། ཞིབ་འཇུག་བཅས་བྱས་ཏེ་ཁོང་རྣམ་པ་གཉིས་ཀྱི་མཚོ་ལྷོའི་སློབ་གསོའི་ཐད་བཞག་པའི་བྱས་རྗེས་དང་རྩོམ་རིག་སྒྱུ་རྩལ་ཐད་ནས་བླངས་པའི་གྲུབ་འབྲས་ལ་གདེང་འཇོག་ཚད་མཐོན་པོ་གནང་། ཁོང་རྣམ་པ་གཉིས་ཞལ་བཞུགས་སྐབས་མཚོ་ལྷོ་ཁུལ་མི་རིགས་དགེ་འོས་སློབ་གྲྭའི(ད་ལྟའི་ཁུལ་མི་རིགས་སློབ་འབྲིང)དགེ་རྒན་ཡིན་ཞིང་། ཁོང་རྣམ་པ་གཉི་གའང་བོད་ཁུལ་སློབ་གསོའི་ལས་རིགས་ཀྱི་མི་སྣ་སྐད་གྲགས་ཅན་ཡིན་ཞིང་། བོད་རིགས་ཀྱི་སྐད་གྲགས་ཆེ་བའི་མཁས་པ་དང་རྩོམ་པ་པོ། འདི་རྣམ་པ་གཉི་གས་མཚོ་ལྷོ་ས་ཁུལ་དང་བོད་ཁུལ་ཡོངས་ཀྱི་སློབ་གསོའི་བྱ་གཞག་ལ་མཛད་རྗེས་གང་མང་བཞག་མྱོང་། རྩོམ་རིག་བརྩམས་ཆོས་དང་སློབ་གསོའི་ཞལ་རྩོམ་མང་བོ་གསར་རྩོམ་གནང་། ཆེད་མཁས་ཚོས་མཐའ་གཅིག་ཏུ། སྐུ་ཞབས་དོན་གྲུབ་རྒྱལ་དང་བཤད་སྒྲུབ་རྒྱ་མཚོ་རྣམ་པ་གཉིས་ནི་མཚོ་ལྷོའི་སློབ་གསོའི་ལས་རིགས་ཐད་ཀྱི་དེང་སང་གི་དུས་འདིའི་དཔུང་འདྲེན་མི་སྣ་ཡིན་ཞིང་། ཁོང་རྣམ་པ་གཉི་གས་རྩོམ་རིག་གསར་རྩོམ་དང་། རྩོམ་རིག་གཞུང་ལུགས། ལོ་རྒྱུས་ཞིབ་འཇུག བོད་ཁུལ་གྱི་སློབ་གསོ་ལ་སོགས་པའི་ཕྱོགས་སུ་བྱས་རྗེས་བླ་མེད་བཞག་མྱོང་། ཁོང་རྣམ་པ་གཉིས་ཀྱི་བརྩམས་ཆོས་ལ་མི་རིགས་ཀྱི་ཁྱད་ཆོས་མངོན་གསལ་ལྡན་པ་དང་། ཁོང་རྣམ