logo

དཔའ་རིས་ཀྱི་རོང་འབྲོག་པའི་སློབ་ཕྲུག་རྫོང་མཁར་དུ་སྐྱེལ་་བ་ཇེ་མང་རེད།

རྩོམ་པ་པོ།:ཐུབ་ནོར ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2008-04-10 ཀློག་གྲངས།:
   སློབ་དུས་གསར་བ་འགོ་ཚུགས་མ་ཐག་ཏུ༌།   དཔའ་རིས་རྫོང་མཁར་དུ་གནས་བའི་མི་རིགས་ཁོངས་གཏོགས་སློབ་ཆུང་དུ་རོང་འབྲོག་ཁུལ་ནས་ཡོང་བའི་གི་སློབ་མ་ཡང་མི་ཉུང་བ་བསྣན་ཡོད༌།
   སློབ་གྲོགས་ལྷ་མོ་སྲུང་ནི་ལོ་རིམ་དྲུག་བའི་སློབ་མ་ཞིག་ཡིན་ལ།  ཁོ་མོས་གསར་འགོད་པར་རང་གི་ལོ་རྒྱུས་འདི་ལྟར་བཤད་འའདུག།
འོན་ཀྱང་རྫོང་མཁར་གྱི་སློབ་ཆུང་དག་བཅའ་སྡོད་ལམ་ལུགས་ཀྱི་སློབ་གྲ་མིན་ལ༌།  རོང་འབྲོག་ཁུལ་ནས་ཡོང་བའི་སློབ་ཕྲུག་འདི་དག་རང་ཕ་ཡུལ་སློབ་གྲར་མི་འགྲོ་བའི་རྒྱུ་མཚན་ཅི་དང་་རྫོང་མཁར་དུ་ཟ་འཐུང་ཉལ་གསུམ་གྱི་འཚོ་བ་སུས་བདག་སྐྱོང་བྱེད་པ་ཡིན་ཞེ་ན༌།   སློབ་གྲ་གྲོལ་རྗེས་སློབ་གྲོགས་   གསར་འགོད་པ་ཁྲིད་དེ་ཁོ་མོའི་འདུག་སའི་ཁང་བར་ཐོན༌།   རང་གི་ཚ་བོ་ཚ་མོ་བཞིའི་འཚོ་བ་བདག་སྐྱོང་བྱེད་བཞིན་པའི་ཨ་ཡེ་དབང་མཚོས་གསར་འགོད་པར་འདི་ལྟར་བཤད་འདུག༌།
ཨ་ཡེ་དབང་མཚོས་དང་འདྲ་བར་རྫོང་མཁར་འདབ་ཞོལ་དུ་ཁང་བ་གླས་ནས་རང་གི་བུ་ཚ་རྫོང་མཁར་སློབ་གྲར་སློབ་སྦྱོང་བྱེད་དུ་འཇུག་པའི་རོང་འབྲོག་པའི་ཁྱིམ་བདག་ལོ་ལོན་མི་ཉུང་བ་ཞིག་ཡོད་ལ༌།   ཁྱིམ་ཚང་དེ་་དག་ལ་བཅའ་འདྲི་བྱེད་དུས་ཕལ་ཆེན་གཅིག་འདྲ་ཡིན་པའི་དྲིས་ལན་ཐོབ་ཏེ༌།ད་ལྟ་རོང་འབྲོག་ཁུལ་་གྱི་སློབ་ཆུང་གཅིག་འདུས་བྱས་བས་སློབ་ཕྲུག་སློབ་གྲར་འགྲོ་བའི་ཁ་ཐག་ཇེ་རིང་དུ་སོང་བ་དང༌།   ནི་རྫོང་མཁར་གྱི་སློབ་སྒྲུབ་ཆ་རྐྱེན་དང་སློབ་ཁྲིད་སྤུས་ཚད་ཅུང་མཐོ་བ་ཡིན་པས་ཆེད་དུ་རྫོང་མཁར་དུ་སྐྱེལ་བ་ནི་རྒྱུ་མཚན་གལ་ཆེ་བ་ཞིག་ཡིན།
   རྒྱུས་ལོན་ལྟར་ན།   རོང་འབྲོག་པའི་སློབ་ཕྲུག་འདི་དག་རྫོང་མཁར་སློབ་ཆུང་དུ་སློབ་རིན་སོགས་མི་ལེན་པ་སོགས་གྱི་གཟིགས་སྐྱོང་སྲིད་ཇུས་ལོངས་སུ་སྤྱོད་ཐུབ་ཡང༌།འོན་ཀྱང་རོང་འབྲོག་པའི་སློབ་གྲར་སྐྱེལ་བའི་འགྲོ་སོང་ཇེ་མང་དུ་སོང་བས།   གནས་ཚུལ་དེ་འབྲེལ་ཡོད་ལས་ཁུངས་ཀྱིས་བརྩི་མཐོང་ཆེན་པོ་གནང་བས༌།     རྫོང་མཁར་གྱི་ཁོངས་གཏོགས་སློབ་ཆུང་དེ་བཅའ་སྡོད་ལམ་ལུགས་གྱི་སློབ་གྲར་རྒྱས་བསྐྲུན་བྱེད་དེ་རོང་འབྲོག་པའི་སློབ་གྲར་སྐྱེལ་བའི་ཁུར་བོ་ཇེ་ཡང་དུ་གཏོང་རྒྱུ་ཡིན༌།


འབྲེལ་ཡོད་འོས་སྦྱོར།