logo

༄༅།། བོད་ལྗོངས་ཀྱི་ནང་བསྟན་སློང་གླིང་ལས་མགོ་བརྩམས་པ།

རྩོམ་པ་པོ།:མི་གསལ། ཡོང་ཁུངས།:མཚོ་སྔོན་བོད་སྐད་རླུང་འཕྲིན་དྲ་བ། དུས་ཚོད།:2008-03-28 ཀློག་གྲངས།:

    བོད་རང་སྐྱོང་ལྗོངས་ཀྱི་རིམ་པ་མཐོ་བའི་བོད་བརྒྱུད་ནང་བསྟན་གྱི་ཕྱོགས་བསྡུས་རང་བཞིན་གྱི་སློབ་གྲྭ་སྟེ་བོད་ལྗོངས་ནང་བསྟན་སློབ་གླིང་ལས་མགོ་རྩོམ་པ་དང་རྨང་འདིང་བའི་མཛད་སྒོ་ཚེས་བཅོ་བརྒྱད་ཉིན་གྱི་སྔ་དྲོར་ལྷ་ས་གྲོང་ཁྱེར་ཆུ་ཤུར་རྫོང་མཉེས་ཐང་ཞང་ར་སྟོད་སྡེ་བ་ནས་གཟབ་རྒྱས་ཆེ་བའི་ངང་བསྡུས། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ། བོད་རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་འཕགས་པ་ལྷ་དགེ་ལེགས་རྣམ་རྒྱལ་སོགས་མཛད་སྒོར་ཞུགས། ཚོགས་ཐོག་ནས་ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའུ་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་ཆོས་ལུགས་ཅུའུ་ཡིས་བསྐུར་བའི་རྟེན་འབྲེལ་ཞུ་ཡིག་བཏོན།
    མཚམས་སྦྱོར་བྱས་པ་ལྟར་ན། བོད་ལྗོངས་ནང་བསྟན་སློབ་གླིང་ལས་པ་ནི་བོད་ལྗོངས་ཀྱི་བཟོ་སྐྲུན་གལ་ཆེན་ཞིག་ཡིན་པ་དང༌། བཟོ་སྐྲུན་དེའི་རྒྱ་ཁྱོན་ལ་ས་མུའུ་ཉིས་བརྒྱ་རེ་གཉིས་ལྷག་ཡོད་པ་དང༌། ཁང་པའི་སྤྱིའི་རྒྱ་ཁྱོན་ལ་མུས་གྲུ་བཞི་མ་ཁྲི་གསུམ་ལྷག་ཡོད་ལ། མ་དངུལ་སྒོར་མོ་བྱེ་བ་བརྒྱད་གཏོང་རྒྱུ་རེད། དེའི་ནང་དུས་སྐབས་དང་པོའི་བཟོ་སྐྲུན་གྱི་ཁང་པའི་རྒྱ་ཁྱོན་ལ་མུས་གྲུ་བཞི་མ་ཁྲི་གཅིག་ལྷག་ཡོད་པ་དང༌། མ་དངུལ་སྒོར་མོ་བྱེ་བ་ལྔ་གཏོང་རྒྱུ་རེད།


འབྲེལ་ཡོད་འོས་སྦྱོར།