logo

ཟངས་རི་རྫོང་གིས་རྫབ་རླངས་བེད་སྤྱོད་ལག་རྩལ་གསོ་སྦྱོང་བྱས་པ།

རྩོམ་པ་པོ།:རྡེའུ་དཀར་ནག ཡོང་ཁུངས།:བོད་ལྗོངས་ཉིན་རེའི་ཚགས་པར། དུས་ཚོད།:2008-03-20 ཀློག་གྲངས།:

    ཉེ་ཆར་ཟངས་རི་རྫོང་ཞིང་འབྲོག་ཅུས་ཀྱི་རྫབ་རླངས་ལག་རྩལ་མི་སྣ་ཡོངས་སྐོང་འདུ་བྱས་ཏེ་ཟངས་རི་རྫོང་གྲོང་རྡལ་དུ་དུས་ཡུན་ཉིན་གཅིག་གི་རྫབ་རླངས་བེད་སྤྱོད་ལག་རྩལ་གསོ་སྦྱོང་ཐེངས་གཅིག་བྱས་ཤིང་།  གསོ་སྦྱོང་གི་ནང་དོན་ནི་རྫབ་རླངས་ཀྱི་རྫབ་རྒྱུ་བརྗེ་སྐབས་དོ་སྣང་བྱེད་དགོས་པའི་བདེ་འཇགས་ཀྱི་དོན་ཚན་དང་ཇི་ལྟར་བྱས་ཏེ་རྫབ་རྒྱུ་བརྗེ་བ་དང་དེ་བཞིན་རྫབ་རླངས་ཀྱི་སྐྱོན་ཆ་སེལ་བ་སོགས་ཡིན་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན།  ཟངས་རི་རྫོང་གིས་༢༠༠༦ལོར་རྫབ་རླངས་སྤྱོད་རྒྱུ་ཁྱབ་གདལ་བཏང་ཚུན་ཕན་འབྲས་མངོན་གསལ་དོད་པོ་ཐོན་ཡོད།  འོན་ཏེ་དང་ཆབས་ཅིག་ཏུ་གནད་དོན་རབ་དང་རིམ་པ་ཐོན་པ་དེ་ལས་རྒྱ་ཆེའི་རྫབ་རླངས་སྤྱོད་མཁན་ཚོ་ཅི་བྱེད་འདི་བྱེད་མེད་པར་གྱུར་ཡོད།   ད་རེས་སྐོང་ཚོགས་བྱས་པའི་རྫབ་རླངས་བེད་སྤྱོད་ལག་རྩལ་གྱི་གསོ་སྦྱོང་དེ་ལས་ཞིང་དུད་ཀྱི་གནད་དོན་ཐག་གཅོད་ཐུབ་རྒྱུ་དང་འབྲེལ་རྫབ་རླངས་ཀྱི་ལག་རྩལ་ཁོང་དུ་ཆུད་པའང་ཡོད་རྒྱུ་རེད།


འབྲེལ་ཡོད་འོས་སྦྱོར།