logo

གཟིགས་མོ་བ་རྣམས་ཀྱིས་ཐང་ཀའི་རི་མོ་འབྲི་བའི་བརྒྱུད་རིམ་ལ་ཞིབ་གཟིགས་གནང་བ།

རྩོམ་པ་པོ།:ལྷག་ཚེས། ཡོང་ཁུངས།:ཀྲུང་གོའི་བོད་ལྗོངས་ཆ་འཕྲིན་ལྟེ་གནས། དུས་ཚོད།:2008-03-18 ཀློག་གྲངས།:

འདི་ནི་ཕྲུ་གུ་ཆུང་ཆུང་ཞིག་གིས་ཡ་མཚན་བཞིན་དུ་ལྷུན་གྲུབ་ཀྱིས་ཐང་ཀའི་རི་མོ་འབྲི་བར་ལྟ་བཞིན་པའི་ཚུལ་རེད།

ལྷུན་གྲུབ་ཀྱིས་གསར་འགོད་པར་ཐང་ཀ་འབྲི་བར་མཁོ་བའི་སྨྱུ་གུ་སྟོན་བཞིན་པ།

བོད་རིགས་བུད་མེད་གསུམ་གྱིས་ཐང་ཀའི་མདུན་དུ་དྲན་རྟེན་གྱི་པར་བསྐྱོན་པ།

   ཟླ༡༢ཚེས༡༣ཉིནབཀྲ་ཤིས་པའི་མཇལ་དར་སྟེ་བོད་ལྗོངས་ཀྱི་རིག་གནས་སྒྱུ་རྩལ་ཆེ་གྲས་ཧྲང་ཧའེ་རུ་འགྲེམ་སྟོན་བྱེད་པཅེས་པའི་བྱེད་སྒོ་སྤེལ་འགོ་བརྩམས་སོང་བ་དང་། འདི་ག་ཤར་ཕྱོགས་དྲ་བའི་གསར་འགོད་པས་བར་ཐག་ཉེ་པོའི་ཐོག་ནས་ཐང་ཀ་འབྲི་བའི་བརྒྱུད་རིམ་ལ་ཞིབ་ལྟ་བྱེད་པའི་གོ་སྐབས་བཟང་པོ་ཞིག་ཀྱང་རག་བྱུང་།

    ཐང་ཀ་ནི་བོད་སྐད་ཡིན་ཞིང་། དེ་ནི་བོད་ཀྱི་རིག་གནས་ཁྲོད་དམིགས་བསལ་གྱི་ཁྱད་ཆོས་ལྡན་པའི་རི་མོའི་སྒྱུ་རྩལ་འབྲི་བའི་རྣམ་པ་ཞིག་རེད་། དེའི་ནང་དོན་ཐད་ལ་ལོ་རྒྱུས་དང་། ཆབ་སྲིད། རིག་གནས། སྤྱི་ཚོགས་འཚོ་བ་སོགས་སྣ་ཁ་མང་པོ་ཞིག་ཚུད་ཡོད་པ་རེད།

    གསར་འགོད་པ་ལྷུན་གྲུབ་ཀྱི་ཉེ་འགྲམ་དུ་སླེབས་དུས། ལོ་ན་གཞོན་པའི་ཐང་ཀ་འབྲི་མཁན་ཁོང་ནི་བློ་རྩེ་གཅིག་སྒྲིམ་ཀྱིས་རང་གིས་འབྲི་བཞིན་པའི་ཐང་ཀའི་རི་མོར་ཚོན་བསྒྱུར་བྱེད་ཀྱིན་ཡོད་པས། གསར་འགོད་པ་ཉེ་འགྲམ་དུ་སླེབས་པ་ཡང་དྲན་ཚོར་ཡེ་ནས་བྱུང་མ་སོང་། ཐང་ཀའི་རི་མོའི་ཚོན་རྫས་དང་། རི་མོ་གཞན་གྱི་ཚོན་རྫས་དབར་ལ་ཁྱད་པར་མི་ཉུང་བ་ཞིག་འདུག   ལྷུན་གྲུབ་ཀྱིས་གསར་འགོད་པར་ངོ་སྤྲོད་གནང་བར། ཐང་ཀའི་སྟེང་བྱུགས་པའི་ཚོན་མདོག་གི་ཚོན་རྫས་དེ་ནི་རང་བྱུང་གཏེར་རྡོའི་ཞུན་མས་བཟོས་པ་ཞིག་ཡིན་པ་དངཚོན་མདོག་གི་རྒྱུ་ཆ་དེ་དག་གི་ལེགས་ཆ་ཆེ་ཤོས་ནི་ཚོན་མདོག་ཡུན་རིང་ཡལ་དུ་མེད་པ་དེ་རེད། བྱས་ཙང་གནའ་སྔ་མོ་ནས་མེས་པོ་ཚོས་ཤུལ་དུ་བཞག་པའི་ཐང་ཀའི་ཚོན་མདོག་དུས་ད་ལྟའང་མ་ཡལ་པར་བཀྲག་མདངས་དོད་པོས་གནས་ཐུབ་པ་བྱུང་ཡོད་པ་རེད།ཅེས་གསུང་གི་འདུག


འབྲེལ་ཡོད་འོས་སྦྱོར།