༄༅།། «མཚོ་སྔོན་པོའི་དམངས་ཁྲོད་ཀྱི་གཏམ་རྒྱུད»ཅེས་པའི་དཔེ་ཆའི་མ་ཡིག་རྩོམ་སྒྲིག་བྱས་ཚར་བ།
མཚོ་སྔོན་པོའི་ཡུལ་ལྗོངས་སྲུང་སྐྱོབ་བཀོལ་སྤྱོད་དོ་དམ་ཅུའུ་ཡིས་ཞིང་ཆེན་རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས་ལ་མངག་བཅོལ་བྱས་ནས་བྲིས་པའི«མཚོ་སྔོན་པོའི་དམངས་ཁྲོད་ཀྱི་གཏམ་རྒྱུད»ཅེས་པའི་དཔེ་ཆ་དེ ། ལོ་ཕྱེད་ཀྱི་རིང་ལ་འཚོལ་བསྡུ་ཕྱོགས་སྒྲིག་བྱས་རྗེས། མ་ཡིག་ཡོངས་འགྲུབ་བྱས་ཏེ་ཆེད་མཁས་བས་དཔྱད་ཞིབ་བྱས་ཚར།
མཚོ་སྔོན་པོའི་གཏམ་རྒྱུད་དེ་གཏམ་རྒྱུད་དང་རྣམ་ཐར་གཉིས་སུ་བཀར་ཡོད་པ་དང་། གཙོ་བོ་ས་གནས་ཀྱི་ཡུལ་ལྗོངས་གཏམ་རྒྱུད་དང་། གླིང་གེ་སར་གྱི་ཐུན་མོང་མ་ཡིན་པའི་ཡུལ་ལྗོངས་ཀྱི་གཏམ་རྒྱུད། ལོ་རྒྱུས་མི་སྣའི་རྣམ་ཐར། མགར་སྟོང་བཙན་གྱི་གཏམ་རྒྱུད་དང་དེ་མིན་ཐུན་མོང་མ་ཡིན་པའི་ཡུལ་ལྗོངས་གཞན་དག་དང་། འཚོ་བའི་གཏམ་རྒྱུད། ཐབས་མཁས་མི་སྣའི་གཏམ་རྒྱུད། འཆར་སྣང་གི་གཏམ་རྒྱུད། སྲོག་ཆགས་ཀྱི་གཏམ་རྒྱུད་སོགས་ནང་དོན་བཅུ་ཐམ་པ་ལྷག་འདུས། ཁྱབ་ཚད་ཆེ་ལ། ནང་དོན་ཕུན་སུམ་ཚོགས་ཤིང་། ཡིག་འབྲུ་འབུམ་གཉིས་དང་ཁྲི་དྲུག་ལྷག་ཡོད།