logo

༄༅།། 《མང་ཚོགས་སྒྱུ་རྩལ》དུས་དེབ་ཀྱི་ལེགས་རྩོམ་དཔེ་ཚོགས་ཀྱི་འགྲེམ་སྤེལ་མཛད་སྒོ་ཟི་ལིང་ནས་བསྡུས་པ།

རྩོམ་པ་པོ།:མི་གསལ། ཡོང་ཁུངས།:མཚོ་སྔོན་གསར་འགྱུར་དྲ་བ། དུས་ཚོད།:2008-01-25 ཀློག་གྲངས།:


ཟླ༣པའི་ཚེས༨ཉིན།མང་ཚོགས་སྒྱུ་རྩལབོད་ཡིག་དུས་དེབ་ལེགས་རྩོམ་དཔེ་ཚོགས་ཀྱི་དཔེ་སྦྱིན་མཛད་སྒོ་དེ་ཟི་ལིང་ནས་བསྡུས་པ།

    རྒྱུས་ལོན་བྱས་པ་ལྟར་ན།མང་ཚོགས་སྒྱུ་རྩལདུས་དེབ་དཔེ་སྐྲུན་བྱས་ནས་ལོ་ངོ༣༠འགོར་ལ་ཉེ་བའི་དུས་འདིར།མཚོ་སྔོན་ཞིང་ཆེན་རིག་གནས་ཁང་གིས་རྩོམ་སྒྲིག་བྱས་པའིམང་ཚོགས་སྒྱུ་རྩལབོད་ཡིག་དུས་དེབ་ཀྱི་ལེགས་རྩོམ་དཔེ་ཚོགས་ནི།ལོ་ངོ༣༠རིངམང་ཚོགས་སྒྱུ་རྩལསྟེང་སྤེལ་བའི་ཕུལ་བྱུང་རྩོམ་རིག་དག་གཅིག་ཏུ་བསྡུས་པ་ཡིན་ལ།བརྩམས་ཆོས་འདི་དག་གིས་ལོ་ངོ༣༠རིང་མཚོ་སྔོན་བོད་ཁུལ་གྱི་འཕེལ་རྒྱས་འགྱུར་ལྡོག་གཞིར་བྱས་ཏེ།བརྗོད་བྱ་སྣ་ཚོགས་ཡིན་ལ་འཚོ་བའི་རྣམ་པ་ཕུན་སུམ་ཚོགས་པ་དང་རྩོམ་རིག་གི་ཁྱད་ཆོས་འབུར་དུ་ཐོན་ཡོད་པས།བོད་རིགས་རྩོམ་པ་པོའི་རིག་རྩལ་གསར་གཏོད་ཀྱི་གྲུབ་འབྲས་དང་ཆུ་ཚད་མཐོ་བའི་བོད་རིགས་ཀྱི་རིག་རྩལ་གསར་གཏོད་ནུས་པ་མངོན་པར་མཚོན་ཡོད།སྔར་ལས་ལྷག་པའི་སྒོ་ནས་བོད་ཡིག་གི་རྩོམ་པ་པོའི་གསར་རྩོམ་གྱི་སྤྲོ་སེམས་ལ་སྐུལ་སྤེལ་དང་མི་རིགས་རིག་གནས་བྱ་བར་སྐུལ་འདེད་གཏོང་བ།མཚོ་སྔོན་བོད་ཁུལ་སྤྱི་ཚོགས་ཀྱི་རྣམ་པ་དང་བོད་ཁུལ་མང་ཚོགས་ཀྱི་བསམ་པའི་རྣམ་པ་མཚོན་པ་དང་།བོད་ཁུལ་གྱི་མཐུན་སྒྲིལ་དང་འཆམ་མཐུན།བརྟན་བརླིང་བཅས་ལ་སྐུལ་སྤེལ་བྱེད་པར་ནུས་པ་གལ་ཆེན་ཐོན་ཡོད། །(ལོ་ཙྰ་བ།རྡོ་རྗེ་བསམ་འགྲུབ།)


འབྲེལ་ཡོད་འོས་སྦྱོར།