༄༅།། རྒྱལ་སྤྱིའི་ཕ་སྐད་ཉིན་མོར་གྲོ་ཚང་ནས་བོད་སྐད་ཀྱི་བརྗེ་རེས་བྱ་འགུལ་སྤེལ་བ།
ཟླ་གཉིས་པའི་ཚེས་ཉེར་གཅིག་ཉིན་ནི་སྐབས་བཅུ་བའི་རྒྱལ་སྤྱིའི་ཕ་སྐད་ཉིན་མོའི་རྗེས་དྲན་ཉིན་མོ་ཡིན་པ་དང་། མཚོ་སྔོན་ཞིང་ཆེན་ཕེན་ཨན་རྫོང་ཧྲ་ཀུག་ཞང་བུའུ་ཏེན་སྡེ་བ་ནས་རྒྱལ་སྤྱིའི་ཕ་སྐད་ཉིན་མོར་གྲོ་ཚང་བོད་སྐད་ཀྱི་བརྗེ་རེས་བྱ་འགུལ་སྤེལ་ཏེ། ཕ་སྐད་སློབ་གསོ་ཁྱབ་གདལ་དུ་གཏོང་བ་དང་། སྐད་རིགས་རིག་གནས་སྣ་མང་ཅན་དུ་གཏོང་བ་བརྗོད་བྱ་ཡིན་པའི་རྗེས་དྲན་བྱ་འགུལ་སྤེལ་བ་དང་། དེའི་ནང་ཨ་མདོ་གྲོ་ཚང་ཡུལ་སྐད་ཀྱི་དམངས་གཞས་དང་། སྙན་ངག་གྱེར་འདོན། དམངས་ཁྲོད་ཞབས་བྲོ། རྩེ་རིགས། བོད་ཀྱི་ཡིག་གཟུགས་སོགས་འགྲན་བསྡུར་བྱས་པ་དང་། འགྲན་བསྡུར་བྱེད་མཁན་ནི་སྡེ་བའི་འཐུས་མི་དང་གནང་བ་སྐབས་ཀྱི་བོད་ཡིག་གསོ་སྦྱོང་འཛིན་གྲྭའི་སློབ་མ་ཡིན་པ་དང་། དེ་ནི་བུའུ་ཏེན་སྡེ་བ་དང་པ་ཙང་ཀུག་ཞང་ཀུའུ་ཨར་སྡེ་བའི་སྡེ་མིས་མཉམ་དུ་འཁྲབ་སྟོན་བྱས་པ་ཡིན། བྱ་འགུལ་འདིའི་སྟེང་བོད་ཀྱི་འཁྲབ་སྟོན་སྒྱུ་རྩལ་པ་དང་། འཁྲབ་ཁྲིད་པ་ཞི་བདེ་ཉི་མ་གདན་འདྲེན་བྱས་ཡོད་ལ། ཞི་བདེ་ཉི་མས་ཞིང་སྡེའི་བོད་རིགས་མང་ཚོགས་ལ་མཚོ་སྔོན་བརྙན་འཕྲིན་ཁང་ནས་ཐེངས་མང་པོར་བཏང་བའི་བོད་རིགས་དམངས་ཁྲོད་ཀྱི་སྒྲུང་གཏམ་མི་རོ་རྩེ་སྒྲུང་ཁག་ཅིག་འཁྲབ་སྟོན་བྱས་ལ། ཁོའི་འཁྲབ་སྟོན་ལ་ས་དེའི་ལྟད་མོ་བས་དགའ་བསུ་ཆེན་པོ་ཐོབ།
བོད་སྐད་ཀྱིས་སྙན་ངག་གྱེར་འདོན་བྱེད་པ།
རྡུང་ལེན་ལེན་བཞིན་པ།
ཞི་བདེ་ཉི་མ་སོགས་སློབ་མའི་ཡིག་གཟུགས་འགྲན་སྡུར་གྱི་བྱེད་སྒོར་ཞུགས་པ།
ལོ་ཙྰ་བ། ཚེ་རིང་སྒྲོལ་མ།