༄༅།།བོད་རྒྱ་དབྱིན་གསུམ་གྱི་གློག་རྡུལ་ཚིག་མཛོད་ཐོག་མ་འགྲེམ་སྤེལ་བྱས་པ།
རྩོམ་པ་པོ།:མི་གསལ།
ཡོང་ཁུངས།:མཚོ་སྔོན་བོད་སྐད་འཕྲིན།
དུས་ཚོད།:2008-01-14
ཀློག་གྲངས།:
མཚམས་སྦྱོར་བྱས་པ་ལྟར་ན།《བློ་བཟང་བོད་རྒྱ་དབྱིན་གསུམ་གློག་རྡུལ་ཚིག་མཛོད》ནི་ཀྲུང་གོ་བོད་རྒྱ་དབྱིན་གསུམ་གྱི་གློག་རྡུལ་ཚིག་མཛོད་ཐོག་མའི་སྲ་ཆས་ཐོན་རྫས་ཤིག་ཡིན། གློག་རྡུལ་ཚིག་མཛོད་འདི་གསར་སྤེལ་བྱེད་མཁན་བོད་ལྗོངས་སློབ་གྲྭ་ཆེན་མོའི་དགེ་རྒན་བློ་བཟང་གིས་བཤད་རྒྱུར། བོད་རྒྱ་དབྱིན་གསུམ་གློག་རྡུལ་ཚིག་མཛོད་འདིའི་ནང་དུ་བོད་རྒྱ་དབྱིན་གསུམ་གྱི་ཚིག་མཛོད་སོ་བཞིའི་མིང་བརྡ་ཐམས་ཅད་བསྡུ་ལེན་བྱེད་ཐུབ་ལ།བོད་རྒྱ་དབྱིན་གསུམ་གྱི་ཡིག་རིགས་ཕན་ཚུན་ལོ་ཙྰ་ཡང་བྱེད་ཐུབ། དེས་མི་ཚད་ད་རུང་སྣ་འཛོམས་ཀྱི་གློག་རྡུལ་དཔེ་ཆ་ཉེར་ལྔ་བསྡུ་ལེན་བྱེད་ཐུབ་ལ། དེའི་ནང་དཔེ་ཆ་བཅུ་གཉིས་ནི་བོད་ཡིག་གི་སྣ་འཛོམས་གློག་རྡུལ་དཔེ་ཆ་ཡིན་པ་དང་། བོད་ཀྱི་གསོ་རིག་དང་། བོད་སྨན། བོད་བརྒྱུད་ནང་བསྟན་ཆོས་ལུགས། དམངས་སྲོལ་གྱི་ནང་དོན་སོགས་ཀྱང་འདུས་ཡོད་ཟེར།
འབྲེལ་ཡོད་འོས་སྦྱོར།