ཀྲུང་དབྱང་མི་རིགས་སློབ་ཆེན་བོད་རིག་པ་སློབ་གླིང་གིས་ཐོག་དང་པོའི་བོད་ཀྱི་ཡུལ་སྐད་འགྲན་སྡུར་བྱ་འགུལ་སྤེ
སློབ་གཙོ་ཚེ་རིང་ཐར་ལགས་ཀྱིས་གསུང་བཤད་གནང་བཞིན་པ།
ཉེ་སྔོན། ཀྲུང་དབྱང་མི་རིགས་སློབ་ཆེན་གྱི་བོད་རིག་པ་སློབ་གླིང་གིས་བོད་ལྗོངས་དང་། མཚོ་སྔོན། སུ་ཁྲོན་སོགས་བོད་ཁུལ་ནས་ཡོང་བའི་སློབ་མས་ཕན་ཚུན་སྔར་ལས་རྒྱུས་ལོན་དང་། སློབ་ཁྲིད་ཀྱི་ཕན་འབྲས་ཁག་ཐེར་བྱེད་པར་སྐུལ་མ་གཏོང་ཆེད། སློབ་གླིང་གི་མགོ་ཁྲིད་ཀྱིས་མཐོང་ཆེན་དང་ཧུར་ཐག་གིས་སྣེ་ཁྲིད་འོག ཐོག་དང་པོའི་བོད་ཀྱི་ཡུལ་སྐད་འགྲན་སྡུར་བྱ་འགུལ་སྤེལ།
བདམས་ཐོན་སློབ་མས་ཡུལ་སྐད་བཤད་བཞིན་པ།
འགྲན་བསྡུར་ལ་ཞུགས་པའི་བདམས་ཐོན་པས་གཏམ་བཤད་དང་དཔྱད་གཏམ་པར་ལན་འདེབས་པ་སོགས་ཀྱི་ཁག་དབྱེ་ཡོད་ལ། འགྲན་བསྡུར་ལ་ཞུགས་པའི་བདམས་ཐོན་པའི་གྲ་སྒྲིག་གང་ལེགས་ཀྱིས་ལུས་ལ་མི་རིགས་རང་གི་ལྭ་བ་གྱོན་ཞིང་། བོད་ཀྱི་ཡིད་དབང་འཕྲོག་པའི་ཡུལ་སྐད་བཤད། འགྲན་བསྡུར་བྱས་པ་བརྒྱུད་ནས། སློབ་མར་བོད་ཁམས་ཀྱི་ཡུལ་སྐད་སོ་སོར་རྒྱུས་ལོན་བྱེད་པར་སྐུལ་མ་བཏང་ཞིང་། སློབ་མ་ཕན་ཚུན་བར་ཡུལ་སྐད་སློབ་སྦྱོང་བྱེད་པའི་ཁོར་ཡུག་བཟང་བོ་བསྐྲུན།
སློབ་གཙོ་ཚེ་རིང་ཐར་ལགས་དང་། ཏུའུ་ལིན། ལའོ་ཡེ་ཞུ་སོགས་སློབ་གླིང་གི་མགོ་ཁྲིད་པ་དང་དགེ་རྒན་རྣམས་ཐེངས་འདིའི་བྱ་འགུལ་ལ་ཞུགས་ཤིང་། སློབ་གཙོ་ཚེ་རིང་ཐར་ལགས་ཀྱིས་འགྲན་བསྡུར་འགོ་རྩོམ་པའི་གསུང་བཤད་ནང་དུ། སློབ་གྲོགས་ཚོར་ཐེངས་འདིའི་བྱ་འགུལ་གྱི་དགོངས་དོན་དང་གལ་ཆེན་རིང་བཞིན་གསལ་བོར་བརྗོད་དེ། རྒྱ་ཆེའི་དགེ་སློབ་ཚོས་ཐེངས་འདིའི་བྱ་འགུལ་ལས་སྟེགས་ཤིག་ཏུ་བརྩིས་ནས། སྔར་ལས་ལེགས་པའི་སྒོ་ནས་སྣ་མང་ཡུལ་སྐད་ལ་སློབ་སྦྱོང་བྱས་ནས། ཕན་ཚུན་མཐུན་སྦྱོར་དང་། སློབ་ཁྲིད་ཀྱི་ཕན་འབྲས་མཐོར་འདེགས། མཐུན་སྒྲིལ་བྱེད་པ་བཅས་ལ་ཤུགས་སྣོན་པའི་བླང་བྱ་བཏོན།
བོད་ཀྱི་ཡུལ་སྐད་འགྲན་བསྡུར་ནི་ཀྲུང་དབྱང་མི་རིགས་སློབ་ཆེན་བོད་རིག་པ་སློབ་གླིང་གིས་གསར་སུ་སྤེལ་བའི་སློབ་མའི་བྱ་འགུལ་ཞིག་ཡིན་ཞིང་། ལོ་རེར་བྱ་འགུལ་ཐེངས་གཅིག་ལ་སྤེལ་ནས། ཆུ་ཚད་མཐོ་ལ་རྒྱུ་སྤུས་ལེགས་པའི་སློབ་མའི་བྱ་འགུལ་ཞིག་ཏུ་འགྱུར་བར་བྱེད་རྒྱུ་རེད།
