logo

༄༅།། «གངས་ལྷ་མེ་ཏོག»ཅེས་པའི་གློག་བརྙན།

རྩོམ་པ་པོ།:ཚེ་བརྟན ཡོང་ཁུངས།:« པོ་ཏ་ལ » དུས་ཚོད།:2007-12-25 ཀློག་གྲངས།:
    ༢༠༠༧ལོའི་ཟླ་༡༢ཚེས་༡༡ཉིན་ཁོ་རེ་ཡ་རྒྱལ་ཁབ་ཏུ་སྐབས་བཅོ་ལྔ་བའི་འཁྲབ་རྩལ་མཁས་ཅན་ལ་བྱ་དགའ་གནང་བའི་ཚོགས་ཆེན་གཟབ་རྒྱས་ཤིག་འཚོགས་ཤིང་།  «གངས་ལྷ་མེ་ཏོག»ཅེས་པའི་གློག་བརྙན་ལ་ཕྱི་རྒྱལ་གྱི་མཆོག་ཏུ་གྱུར་བའི་འཁྲབ་ཁྲིད་པའི་བྱ་དགའ་ཐོབ་པ་རེད།
    «གངས་ལྷ་མེ་ཏོག»ཅེས་པའི་གློག་བརྙན་དེ་ནི་དོན་སྤྱི་གསར་བ་སྣ་མང་ཅན་གྱི་རོལ་དབྱངས་གློག་བརྙན་ཞིག་ཡིན།  གློག་བརྙན་དེ་ནི་བོད་ལྗོངས་ཀྱི་གནས་ཚུལ་གཞིར་བཟུང་ཞིང་།  རྒྱ་རིགས་ཀྱི་གླུ་མ་ཞིག་བོད་ལྗོངས་སུ་ཕྱིན་ནས་ཕོ་གསར་ཞིག་ལ་གློ་བུར་དུ་འཕྲད་ནས་བརྩེ་དུང་བྱུང་བའི་གཏམ་རྒྱུད་ཅིག་ཡིན།  གློག་བརྙན་དེའི་ནང་གི་མི་སྣ་གཙོ་བོ་འཁྲབ་མཁན་ནི་ཁོ་རེ་ཡའི་མཛེས་མ་མིང་གྲགས་ཅན་ཅང་ཧྲི་ཀྲེན་ཡིན་ཞིང་།  མོས་གློག་བརྙན་ནང་དུ་སྐད་འཛེར་བའི་གླུ་མ་ཞིག་འཁྲབ་པ་དང་། གླུ་མ་དང་བོད་ཀྱི་རྔ་རྡུང་བར་མཁས་པའི་ཕོ་གསར་གཉིས་ཀྱི་བར་ལ་འདོད་པའི་བརྩེ་དུང་བྱུང་བའི་གནས་ཚུལ་བརྗོད་ཡོད། «གངས་ལྷ་མེ་ཏོག»ཅེས་པའི་གློག་བརྙན་གྱི་དོན་མཚོན་སྟངས་ལ་མི་རིགས་ཀྱི་དངོས་པོ་དང་རོལ་དབྱངས་ཕུད། དེང་རབས་ཀྱི་འཚོ་བའི་ནང་དར་སོ་ཆེ་བའི་ལུགས་རྣམས་ཀྱང་བསྲེས་ཡོད་པས།  འདི་ནི་ཀྲུང་གོའི་རོལ་དབྱངས་གློག་བརྙན་གྱི་ནང་ནས་ཉམས་འགྱུར་གསར་བ་ལྡན་པ་ཞིག་རེད།
༢༠༠༨ལོའི་ཟླ་༣ཚེས་༨ཉིན་ནི་«གངས་ལྷ་མེ་ཏོག»ཅེས་པའི་གློག་བརྙན་དེ་ཉིད་པེ་ཅིང་དང་ཧྲང་ཧའེ་སོགས་སུ་བསྟན་ཞིང་།  གློག་བརྙན་སྟོན་པའི་ཉིན་དེར་འཁྲབ་ཁྲིད་པ་ཏའེ་ཝེ་ཡིས་ཉི་མ་འདི་ལྟ་བུ་ཞིག་བདམས་པ་ནས་བོད་ལྗོངས་དང་གནམ་འོག་གི་མ་ཡུམ་རྣམས་ལ་གློག་བརྙན་འདི་སྐྱེས་སུ་ཕུལ་བ་ཡིན་ཞེས་བཤད་པ་རེད།


འབྲེལ་ཡོད་འོས་སྦྱོར།