མཚོ་ལྷོ་ཁུལ་མི་རིགས་མཐོ་འབྲིང་དང་པོས་དམངས་ཁྲོད་ཨ་རྩེད་ཆེད་སྒྲིག་འཁྲབ་སྟོན་གྱི་བྱ་འགུལ་སྤེལ་བ།
རྩོམ་པ་པོ།:རིག་བུ་ཟླ་བྷེ།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2019-12-02
ཀློག་གྲངས།:
ཏང་གི་ཡང་དག་པའི་སློབ་གསོའི་ལམ་ཕྱོགས་རྒྱུན་འཁྱོངས་དང་མི་རིགས་རིག་གནས་རྒྱུན་འཛིན་དང་དར་སྤེལ་གཏོང་བ། སློབ་རའི་རིག་གནས་མཁའ་དབུགས་ལ་གསོན་ཤུགས་གསར་བ་འདྲེན་པ་དང་། སློབ་མའི་སློབ་གསེང་གི་འཚོ་བ་ཕུན་སུམ་ཇེ་ཚོགས་སུ་གཏོང་ཆེད། མཚོ་ལྷོ་ཁུལ་མི་རིགས་མཐོ་འབྲིང་དང་པོའི་གུང་གཞོན་ཚོགས་པས་གཙོ་སྒྲུབ་བྱས་པའི་ཐོག་མའི་བསམ་འདུན་མི་བརྗེད་པར། འགན་འཁྲི་ཡིད་ལ་བརྟན་པོར་བཅངས་ཞེས་པའི་བརྗོད་དོན་སློབ་གསོའི་མུ་འབྲེལ་བྱ་འགུལ་ལས་བོད་ཀྱི་དམངས་ཁྲོད་ཨ་རྩེད་ཆེད་སྒྲིག་འཁྲབ་སྟོན་གྱི་བྱ་འགུལ་སྤྱི་ལོ2019ལོའི་ཟླ11པའི་ཚེས30ཉིན་གྱི་ཕྱི་དྲོར་གཟབ་རྒྱས་ངང་སྤེལ་ཞིང་། དགེ་སློབ2000ལྷག་བྱ་འགུལ་ལ་ཞུགས།
མི་རིགས་ཤིག་གི་དམངས་ཁྲོད་ཀྱི་རིག་གནས་ནི་མི་རིགས་གང་དེའི་རིག་གནས་མཐའ་དག་གི་རྨང་རྡོ་དང་ཉིང་བཅུད་དུ་གྱུར་ཡོད་པ་ནི་ཀུན་གྱིས་མཁྱེན་གསལ་ལྟར་ཡིན་ལ། ལྷག་པར་དུ་བོད་ཀྱི་དམངས་ཁྲོད་རིག་གནས་ནི་འཛམ་གླིང་གི་དམངས་ཁྲོད་རིག་གནས་ཀྱི་བང་མཛོད་ནང་དུ་ལྷམ་མེར་འཚེར་བའི་མུ་ཏིག་རྡོག་གཅིག་ཡིན། དུས་ཀྱི་འཕེལ་འགྱུར་གྱི་དབང་གིས་བོད་ཀྱི་དམངས་ཁྲོད་རིག་གནས་མང་པོ་ཞིག་བག་ཞ་བཞིན་པའི་དུས་འདིར་བསྲེག་བཅད་བརྡར་བའི་གསེར་བཞིན་དུ་ལོ་ངོ་སྟོང་ཕྲག་དུ་མའི་རིང་ལ་ཉིང་བཅུད་ནས་ཡང་བཅུད་དུ་འཕེལ་བའི་བོད་མི་རིགས་ཀྱི་དམངས་ཁྲོད་རིག་གནས་སྣ་ཚོགས་འཚོལ་སྡུད་དང་རྒྱུན་འཛིན། དར་སྤེལ་དུ་གཏོང་རྒྱུ་ནི་ང་ཚོའི་ཡིད་ལ་བརྣག་པའི་བསམ་འདུན་དྲོན་མོ་དང་། ང་ཚོའི་ཕྲག་ཏུ་བབས་པའི་ལྡོག་མེད་ཀྱི་འགན་འཁྲི་ཉག་གཅིག་ཡིན།
མི་རིགས་ཤིག་གི་དམངས་ཁྲོད་ཀྱི་རིག་གནས་ནི་མི་རིགས་གང་དེའི་རིག་གནས་མཐའ་དག་གི་རྨང་རྡོ་དང་ཉིང་བཅུད་དུ་གྱུར་ཡོད་པ་ནི་ཀུན་གྱིས་མཁྱེན་གསལ་ལྟར་ཡིན་ལ། ལྷག་པར་དུ་བོད་ཀྱི་དམངས་ཁྲོད་རིག་གནས་ནི་འཛམ་གླིང་གི་དམངས་ཁྲོད་རིག་གནས་ཀྱི་བང་མཛོད་ནང་དུ་ལྷམ་མེར་འཚེར་བའི་མུ་ཏིག་རྡོག་གཅིག་ཡིན། དུས་ཀྱི་འཕེལ་འགྱུར་གྱི་དབང་གིས་བོད་ཀྱི་དམངས་ཁྲོད་རིག་གནས་མང་པོ་ཞིག་བག་ཞ་བཞིན་པའི་དུས་འདིར་བསྲེག་བཅད་བརྡར་བའི་གསེར་བཞིན་དུ་ལོ་ངོ་སྟོང་ཕྲག་དུ་མའི་རིང་ལ་ཉིང་བཅུད་ནས་ཡང་བཅུད་དུ་འཕེལ་བའི་བོད་མི་རིགས་ཀྱི་དམངས་ཁྲོད་རིག་གནས་སྣ་ཚོགས་འཚོལ་སྡུད་དང་རྒྱུན་འཛིན། དར་སྤེལ་དུ་གཏོང་རྒྱུ་ནི་ང་ཚོའི་ཡིད་ལ་བརྣག་པའི་བསམ་འདུན་དྲོན་མོ་དང་། ང་ཚོའི་ཕྲག་ཏུ་བབས་པའི་ལྡོག་མེད་ཀྱི་འགན་འཁྲི་ཉག་གཅིག་ཡིན།
མཚོ་ལྷོ་ཁུལ་མི་རིགས་མཐོ་འབྲིང་དང་པོས་དམངས་ཁྲོད་ཨ་རྩེད་ཆེད་སྒྲིག་འཁྲབ་སྟོན་གྱི་བྱ་འགུལ་སྤེལ་བ།
བོད་ཀྱི་དམངས་ཁྲོད་རིག་གནས་ལས་རྩམ་དྲི་དང་མར་དྲི་མ་ཡལ་པའི་ཨ་རྩེད་ནི་བོད་མདོ་དབུས་མཐོ་སྒང་གི་དམངས་ཁྲོད་ཀྱི་སྐྱེ་འགྲོ་ཀུན་གྱི་ཡིད་ཀྱི་དང་བ་འདྲེན་པའི་སྒྱུ་རྩལ་བླ་ན་མེད་པ་ཞིག་ཡིན་ལ། ལྷག་པར་ཨ་མདོའི་ཡུལ་དུ་དར་ཁྱབ་ཆེ་བའི་རིག་གནས་ཕུན་སུམ་ཚོགས་པ་ཞིག་ཡིན་པ་མཟད། ཨ་རྩེད་ནི་རྣམ་པའི་ཐད་ནས་འགྱུར་ཁུགས་ལྡན་པའི་ངག་གི་དབྱངས་རྟ་དང་། ཉམས་ཀྱིས་ཕྱུག་པས་བྲོ་ཡི་སྟངས་སྟབས་སོགས་གཞི་གཅིག་ཏུ་སྦྲེལ་ཞིང་། བརྗོད་བྱའི་ཆ་ནས་བོད་རིགས་ཀྱི་འཚོ་བའི་གོམས་གཤིས་དང་ཐོན་སྐྱེད་ངལ་རྩོལ་བླ་ལྷག་ཏུ་མཚོན་པའི་སྒྱུ་རྩལ་གྱི་རྣམ་པ་ཞིག་ཀྱང་ཡིན། ཐེངས་འདིའི་མེས་པོའི་རྐང་ལ་ཟུག་པའི་བོད་དམངས་ཁྲོད་ཀྱི་ཨ་རྩེད་བརྗོད་བྱར་བྱས་པའི་བྱ་འགུལ་སྤེལ་པ་བརྒྱུད་ནས་སློབ་མའི་བསླབ་ཕྱིའི་འཚོ་བར་སྔ་ན་མེད་པའི་གསོན་ཤུགས་ཀྱིས་བརྟས་ཤིང་། མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་སློབ་རའི་རིག་གནས་འཛུགས་སྐྲུན་ལ་ནུས་པ་ཆེན་པོ་ཐོན་པ་མ་ཟད། འཁྲབ་སྟོན་པའི་དབྱངས་ཀྱི་འགྱུར་ཁུགས་དང་ལུས་ཀྱི་སྟངས་སྟབས་ཀྱིས་སློབ་གྲྭའི་དགེ་སློབ་ཡོངས་ཀྱི་ཡིད་ཀྱི་དང་བ་ཅིག་ཅར་ཏུ་བཀུག་ལ་བསྟོད་པའི་མཐེ་བོང་བསྒྲེང་བཞིན་བྱ་འགུལ་གྱི་ཐོག་མཐའ་བར་གསུམ་དུ་ཐལ་མོ་རྡེབ་སྒྲས་ཁེངས།
མཚོ་ལྷོ་ཁུལ་མི་རིགས་མཐོ་འབྲིང་དང་པོས་དམངས་ཁྲོད་ཨ་རྩེད་ཆེད་སྒྲིག་འཁྲབ་སྟོན་གྱི་བྱ་འགུལ་སྤེལ་བ།མཚོ་ལྷོ་ཁུལ་མི་རིགས་མཐོ་འབྲིང་དང་པོས་དམངས་ཁྲོད་ཨ་རྩེད་ཆེད་སྒྲིག་འཁྲབ་སྟོན་གྱི་བྱ་འགུལ་སྤེལ་བ།
འབྲེལ་ཡོད་འོས་སྦྱོར།