༄༅།།བོད་རིགས་རྩོམ་པ་པོ་ཚེ་རིང་ནོར་བུ་ལ་སྐབས་དྲུག་པའི་ཝང་ཙིན་ཆི་རྩོམ་རིག་བྱ་དགའ་ཐོབ།
རྩོམ་པ་པོ།:མི་གསལ།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2020-01-02
ཀློག་གྲངས།:
སྤྱི་ཟླ12པའི་ཚེས29ཉིན། ཅང་སུའུ་ཞིང་ཆེན་རྩོམ་པ་པོའི་མཐུན་ཚོགས་དང་ཀོའོ་ཡིའུ་གྲོང་ཁྱེར་མི་དམངས་སྲིད་གཞུང་གཉིས་ཀྱིས་ལྷན་དུ་སྤེལ་བའི་སྐབས་དྲུག་པའི་ཝང་ཙིན་ཆི་རྩོམ་རིག་བྱ་དགའ་དེ་ཀོའོ་ཡིའུ་རུ་ཁྱབ་བསྒྲགས་བྱས། རྒྱལ་ནང་ན་མིང་དུ་གྲགས་པའི་དཔྱད་བརྗོད་པས་གྲུབ་པའི་མཐའ་མའི་དཔྱད་འདེམ་ཨུ་ལྷན་གྱིས་ཛ་དྲག་གི་དཔྱད་བསྡུར་དང་ཡུལ་དངོས་འདེམ་ཤོག་འཕེན་པ་དང་། ཀོའོ་ཡིའུ་གྲོང་ཁྱེར་གཞུང་དཔང་ཁྲུའུ་ཡིས་བཤེར་དཔང་བྱེད་པ། སྒྲིག་ཁྲིམས་ཞིབ་བཤེར་སྡེ་ཁག་གིས་བརྒྱུད་རིམ་ཧྲིལ་བོར་ལྟ་སྐུལ་དཔྱད་བཤེར་བྱས་པར་བརྒྱུད། མཇུག་མཐར་མའོ་ཡན་གྱི《མོ་ཞི་ལ་སྒུག་པ》སོགས་བརྩམས་ཆོས8ལ་སྐབས་དྲུག་པའི་ཝང་ཙིན་ཆི་རྩོམ་རིག་བྱ་དགའ་ཐོབ་ལ། བོད་རིགས་རྩོམ་པ་པོ་ཚེ་རིང་ནོར་བུའི་བརྩམས་ཆོས་ཀྱང་བྱ་དགའ་དེའི་གྲས་སུ་ཚུད།
སྐབས་འདིའི་ཝང་ཙིན་ཆི་རྩོམ་རིག་བྱ་དགའི་དཔྱད་འདེམ་བྱ་འགུལ་ནི2019ལོའི་ཟླ6པ་ནས་མགོ་བརྩམས་པ་ཡིན་ལ། དཔྱད་འདེམ་ཁྱབ་ཁོངས་ནི2017-2018ལོའི་རྒྱལ་ནང་དུ་སྤྱི་བསྒྲགས་འགྲེམ་སྤེལ་བྱས་པའི་ཚགས་དེབ་ཏུ་སྤེལ་བའི་སྒྲུང་ཐུང་གི་སྐོར་ཡིན་ལ། བསྐོ་མིང་ཨུ་ལྷན་གྱིས་བསྐོ་མིང་དང་བསྐྱར་དཔྱད་ཨུ་ལྷན་གྱིས་དཔྱད་བཤེར་བྱས་པར་བརྒྱུད་མཐར། མཐའ་མའི་དཔྱད་འདེམ་ཨུ་ལྷན་གྱིས་དཔྱད་འདེམ་བྱས།
ཚེ་རིང་ནོར་བུ། བོད་རིགས། བོད་ལྗོངས་ལྷ་སའི་མི་ཡིན། ཀྲུང་གོའི་རྩོམ་པ་པོ་མཐུན་ཚོགས་རྒྱལ་ཡོངས་ཨུ་ཡོན་ལྷན་ཚོགས་ཀྱི་ཨུ་ཡོན་དང་། བོད་ལྗོངས་རྩོམ་པ་པོ་མཐུན་ཚོགས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ། 《བོད་ལྗོངས་རྩོམ་རིག》གི་གཙོ་སྒྲིག་པ། སྐབས་བདུན་པའི་མའོ་ཏུན་རྩོམ་རིག་བྱ་དགའི་དཔྱད་འདེམ་པ་ཡིན། བརྩམས་སྒྲུང《ལག་དམར》ལ་བོད་ལྗོངས་ཇོ་མོ་གླང་མའི་རྩོམ་རིག་བྱ་དགའ་སྐབས་ལྔ་བའི་གསེར་གྱི་བྱ་དགའ་ཐོབ་པ་དང་། "2006ལོའི་ཀྲུང་གོའི་ལོ་འཁོར་སྒྲུང་ཐུང"དང"ཀྲུང་གོའི་བརྩམས་ཆོས་ཀྱི་རིམ་ཐོ"། 《དུས་རབས21པའི་ཀྲུང་གོའི་དེང་རབས་རྩོམ་རིག》(དབྱིན་སྐད)བཅས་སུ་ཚུད་པ་མ་ཟད་ཁོ་རེ་ཡའི་སྐད་དུ་བསྒྱུར། སྒྲུང་ཐུང《ལུག་ཚེ་ཐར》ཞེས་པར་སྐབས་ལྔ་བའི་ལུའུ་ཞུན་རྩོམ་རིག་བྱ་དགའ་ཐོབ། སྒྲུང་འབྲིང《ཁམས》ཞེས་པར་སྐབས་ལྔ་བའི་བོད་ལྗོངས་དུས་རབས་གསར་བའི་རྩོམ་རིག་བྱ་དགའ་ཐོབ། བརྩམས་སྒྲུང《ལྷས་བསྩལ་བ》ཞེས་པར2011ལོའི《མི་རིགས་རྩོམ་རིག》ལོ་འཁོར་བྱ་དགའ་ཐོབ།

འབྲེལ་ཡོད་འོས་སྦྱོར།