logo

༄༅།།བོད་ལྗོངས་སུ་དམངས་སྒྲུབ་ལག་རྩལ་བཟོ་བའི་སློབ་གྲྭ་ཐོག་མ་འཛུགས་པར་ཆོག་མཆན་ཐོབ།

རྩོམ་པ་པོ།:མི་གསལ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2020-04-07 ཀློག་གྲངས།:
སྤྱི་ཟླ4བའི་ཚེས3ཉིན། བོད་རང་སྐྱོང་ལྗོངས་སུ་དམངས་སྒྲུབ་ལག་རྩལ་བཟོ་བའི་སློབ་གྲྭ་སྟེ་བོད་ལྗོངས་ཞོལ་འདོད་དཔལ་ལག་རྩལ་བཟོ་བའི་སློབ་གྲྭ་དང་བོད་ལྗོངས་དེང་རབས་ཞབས་ཞུ་ལས་རིགས་ལག་རྩལ་བཟོ་བའི་སློབ་གྲྭ་དེ་ལྷ་ས་གྲོང་ཁྱེར་དུ་སྒོ་བྱང་བཀལ་ཏེ་བཙུགས། འདིས་བོད་ལྗོངས་སུ་དམངས་སྒྲུབ་ལག་རྩལ་བཟོ་བའི་སློབ་གྲྭ་མེད་པའི་སྟོང་ཆ་བསྐངས་པ་དང་། དམངས་སྒྲུབ་ལག་རྩལ་བཟོ་བའི་སློབ་གསོ་འཕེལ་རྒྱས་ལ་མགོ་གསར་བ་ཞིག་བརྩམས་པ་མཚོན།
བོད་ལྗོངས་ཞོལ་འདོད་དཔལ་ལག་རྩལ་བཟོ་བའི་སློབ་གྲྭའི་སློབ་གཙོ་སུང་མེན་གྱིས་བཤད་རྒྱུར། ང་ཚོས་མུ་མཐུད་དུ་ཐོན་ལས་དང་སློབ་གསོ་མཐུན་སྦྱོར་དང་། སློབ་གྲྭ་དང་ཁེ་ལས་མཉམ་ལས་རྣམ་པ་འཐུས་ཚང་དུ་གཏོང་རྒྱུ་དང་། གཟབ་ནན་གྱིས་རྒྱལ་ཁབ་ཀྱིས་གཏན་འབེབས་གནང་བའི་ལག་རྩལ་བཟོ་བའི་སློབ་གྲྭའི་སློབ་སྒྲུབ་ཚད་གཞི་ལྟར། ནུས་ཤུགས་ཡོད་རྒུས་བོད་ལྗོངས་ལ་སྔར་ལས་མང་བའི་སྤུས་ཚད་མཐོ་བའི་ནུས་རྩལ་ཤེས་ལྡན་མི་སྣ་ནང་འདྲེན་བྱ་རྒྱུ་ཡིན།
བོད་ལྗོངས་ཞོལ་འདོད་དཔལ་ལག་རྩལ་བཟོ་བའི་སློབ་གྲྭའི་འབྲེལ་ཡོད་འགན་ཁུར་བས་བཤད་རྒྱུར། སློབ་མ་ཡོངས་ལ་སློབ་ཡོན་དང་མལ་ཁང་། བཟའ་བཏུང་བཅས་ཀྱི་རིན་མི་ལེན་པ་དང་། ཟླ་རེར་ད་དུང་དགེ་རྒན་གྱིས་སློབ་མ་ཚོར་སྒོར་འགའ་རེ་སྟེར་བ་ཡིན། ཁོ་ཚོས་སྒོར་སྐར་གང་ཡང་བཀོལ་མི་དགོས་པར་སེམས་ལྷོད་ལྷོད་ཀྱིས་ལག་རྩལ་སྦྱངས་ཏེ། མ་འོངས་པར་ལག་རྩལ་སློབ་རྗེས་སློབ་གྲྭ་རུ་འདུག་པ་དང་ཡང་ན་ཕྱི་རུ་ལས་ཀ་གཉེར་ནའང་ཆོག
བོད་ལྗོངས་དེང་རབས་ཞབས་ཞུ་ལས་རིགས་ལག་རྩལ་བཟོ་བའི་སློབ་གྲྭར་མིག་སྔར་སློབ་མ100ལྷག་ཡོད་པ་དང་། གཙོ་ཆེར་ཟས་གཡོལ་བ་དང་མི་རིགས་གྱོན་ཆས་འཚེམ་དྲུབ་སོགས་ཆེད་ལས་མི་སྣ་གསོ་སྐྱོང་བྱེད་པ་ཡིན་ལ། སློབ་མ་རྣམས་མང་ཆེ་བ་ནི་དབུལ་ཕོངས་ཁྱིམ་ཚང་ཡིན་ལ། རིན་མེད་སློབ་གསོ་སྤེལ་བ་ཡིན།
བོད་རང་སྐྱོང་ལྗོངས་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིང་གི་ཐིང་ཀྲང་གཞོན་པ་ཟླ་བ་ཚེ་རིང་གིས་གསུང་དོན། ལག་རྩལ་བཟོ་བའི་སློབ་གསོ་འཕེལ་རྒྱས་སུ་སོང་ན། བོད་ལྗོངས་ཀྱི་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་དང་། སྤུས་ཚད་མཐོ་བའི་ལས་ཞུགས་ལ་དགེ་མཚན་ཆེན་པོ་ལྡན། ཞོལ་ནས་མི་ཤུགས་ཐོན་ཁུངས་སྡེ་ཁག་གིས་མུ་མཐུད་དུ་སློབ་གསོ་དང་ནོར་སྲིད་སོགས་སྡེ་ཁག་ལ་མཉམ་འབྲེལ་སྒོས་ནུས་རྩལ་མི་སྣ་གསོ་སྐྱོང་བྱེད་པའི་སྲིད་ཇུས་དང་མ་དངུལ་རོགས་སྐྱོར་ནུས་ཤུགས་ལ་ཤུགས་བསྣན་ཏེ། བོད་ལྗོངས་ཀྱི་ལས་རིགས་སོ་སོའི་ཁྱབ་ཁོངས་སུ་སྔར་ལས་མང་བའི་ནུས་རྩལ་མཐོ་བའི་ཤེས་ལྡན་མི་སྣ་སྐྱེད་སྲིང་བྱ་དགོས།
འབྲེལ་ཡོད་འོས་སྦྱོར།