༄༅།།བོད་ཀྱི་ཆེས་ཐོག་མའི་དྲ་ཐོག་བོད་ཡིག་དཔེ་ཀློག་སྟེགས་བུའི་སྒོ་ཕྱེ།
རྩོམ་པ་པོ།:མི་གསལ།
ཡོང་ཁུངས།:སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་།
དུས་ཚོད།:2020-07-27
ཀློག་གྲངས།:
སྤྱི་ཟླ7པའི་ཚེས23ཉིན། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་བོད་ཡིག་དཔེ་སྐྲུན་ལྟེ་གནས་ཀྱིས་བགྲང་བྱ་གཅིག་ལྷག་གི་རིང་ལ་འབད་བརྩོན་བྱས་པ་བརྒྱུད། རྒྱལ་ནང་གི་ཆེས་ཐོག་མའི་དྲ་ཐོག་བོད་ཡིག་དཔེ་ཀློག་སྟེགས་བུ་སྟེ་གངས་ཅན་རིག་མཛོད་བོད་ཡིག་དཔེ་ཀློག་སྟེགས་བུའི་ཚོད་ལྟའི་མ་ལག་དངོས་སུ་སྒོ་ཕྱེ་ཡོད་ཅིང་། རྒྱུས་ལོན་བྱུང་བ་ལྟར་ན། གངས་ཅན་རིག་མཛོད་བོད་ཡིག་དཔེ་ཀློག་སྟེགས་བུ་འདི་ནི་བོད་ཁུལ་གྱི་ཆེས་ཐོག་མའི་གཞུང་གཉེར་གྱི་དྲ་ཐོག་དཔེ་ཀློག་སྟེགས་བུ་དེ་ཡིན་འདུག་ལ། ཉིན་འགའི་དུས་ཡུན་ནང་འཛད་སྤྱོད་པ་དང་ཀློག་པ་པོ་གང་མང་གིས་སྟེགས་བུ་འདི་བརྒྱུད་ནས་དཔེ་ཀློག་གནང་བཞིན་འདུག

ཀུན་གྱིས་མཁྱེན་གསལ་ལྟར། གྲངས་འཛིན་དཔེ་སྐྲུན་ནི་གསར་འགྱུར་དཔེ་སྐྲུན་ལས་རིགས་ཀྱི་འཐབ་ཇུས་རང་བཞིན་གྱི་གསར་དར་ཐོན་ལས་དང་དཔེ་སྐྲུན་ལས་རིགས་གོང་དུ་སྤེལ་བའི་ཁ་ཕྱོགས་གཙོ་བོར་གྱུར་ཡོད་ལ། རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་ཆ་འཕྲིན་ཅན་གྱི་གྲུབ་ཆ་གལ་ཆེན་ཞིག་ཀྱང་ཡིན། དེ་བས་ཐེངས་འདིའི་དྲ་ཐོག་དཔེ་ཀློག་སྟེགས་བུ་ཡི་སྒོ་འབྱེད་ཀྱིས་སྲོལ་རྒྱུན་དཔེ་སྐྲུན་ལས་རིགས་ལ་རྣམ་པ་གསར་བ་ཞིག་མངོན་པར་བྱས་ཡོད་པ་གདོན་མི་ཟའོ།།
འབྲེལ་ཡོད་འོས་སྦྱོར།
