༄༅།།མཚོ་སྔོན་རྒྱང་སྒྲོག་སློབ་ཆེན་བློ་བཟང་སློབ་ཁྲིད་ལྟེ་གནས་ཀྱི་བློ་བཟང་ལས་རིགས་ལག་རྩལ་སློབ་གྲྭས་ཆེད་ཚན་སློབ་མ་བསྡུ་བཞིན་ཡོད་པ།
རྩོམ་པ་པོ།:ངེད་དྲ་བ།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2020-08-11
ཀློག་གྲངས།:
ཆེད་ཚན་སློབ་མ་བསྡུ་བཞིན་པ།
མཚོ་སྔོན་རྒྱང་སྒྲོག་སློབ་ཆེན་བློ་བཟང་སློབ་ཁྲིད་ལྟེ་གནས་ཀྱི་བློ་བཟང་ལས་རིགས་ལག་རྩལ་སློབ་གྲྭས་བོད་ཡིག་ཆ་འཕྲིན་ལག་རྩལ་ཆེད་ལས་ཀྱི་ལོ་གསུམ་ཅན་གྱི་ཆེད་ཚན་སློབ་མ་བསྡུ་བཞིན་ཡོད་པས། དུས་ལྟར་ཐོ་འགོད་བྱེད་པར་དགའ་བསུ་ཞུ།ཐོ་འགོད་དུས་ཚོད། 2020ལོའི་སྤྱི་ཟླ9བ་ཡིན།
རྒྱུགས་ལེན་དུས་ཚོད། 2020ལོའི་སྤྱི་ཟླ10བའི་ནང་ཡིན།
རྒྱུགས་ལེན་བྱ་གཙོ་བོ། བོད་ཡིག གྲངས་རིག(བོད་ཡིག)དབྱིན་ཡིག
ཆེད་ལས་ཚབ་རྟགས། 19351 རིགས་ཚན་ཚབ་རྟགས། 6 སློབ་རའི་ཚབ་རྟགས། 51382སློབ་གླིང་མིང་། མཚོ་སྔོན་རྒྱང་སྒྲོག་སློབ་ཆེན། ཆེད་ལས་མིང་རྟགས། རྩིས་འཁོར་ཉེར་སྤྱོད་ལག་རྩལ། (བོད་ཡིག་རྩིས་འཁོར་ཉེར་སྤྱོད་ཁ་ཕྱོགས)མིང་ཐོ་འགོད་ཐབས། མཐོ་འབྲིང(འབྲིང་རིམ)གི་མཐར་ཕྱིན་དཔང་ཡིག་དང་ཐོབ་ཐང་ལག་ཁྱེར་གྱི་མ་ཡིག་བསྐྱར་དཔར། ཚུན་གཅིག་ཅན་གྱི་འདྲ་པར་བཞི་དང་གློག་རྡུལ་འདྲ་པར། འདྲ་པར་གྱི་རྒྱབ་ལྗོངས་སྔོན་པོ་ཡིན་དགོས། གཞན་རྒྱུགས་སྤྲོད་སློབ་མས་རྒྱུགས་ལེན་གྲོན་དངུལ་སྒོར་བདུན་ཅུ་དོན་ལྔ་སྤྲོད་དགོས།
མིང་ཐོ་འགོད་ཡུལ། གཅིག་གྱུར་གྱིས་མཚོ་སྔོན་རྒྱང་སྒྲོག་སློབ་ཆེན་གྱི་སློབ་ཁྲིད་ལྟེ་གནས(བློ་བཟང་སློབ་གྲྭ)རུ་མིང་ཐོ་འགོད་དགོས།
སློབ་གྲྭའི་འབྲེལ་གཏུགས་བྱེད་ཡུལ། བློབ་གཙོ་བློ་བཟང་། 18609746000 དགེ་རྒན་སྙིང་དཔལ་རྒྱལ། 18609746111དགེ་རྒན་ཕྱུག་སྐྱོང་ཐར། 1860976222 དགེ་རྒན་རིན་ཆེན་དབང་མོ། 18609746333
གསལ་བཤད། མཚོ་སྔོན་ཞིང་ཆེན་གྱི་ཁུལ་སོ་སོའི་སློབ་བསྡུ་གཞུང་ལས་ཁང་གིས་གཅིག་གྱུར་གྱི་ཡིག་རྒྱུགས་ལེན་པར་འགན་ཁུར་ཡོད། མཐར་ཕྱིན་དཔང་ཡིག་ནི་རྒྱལ་ཁབ་སློབ་གསོ་པུའུ་དྲ་བའི་སྟེང་འདྲི་རྩད་བྱས་ཆོག་ལ། སློབ་ཁྲིད་ལྟེ་གནས་ཀྱིས་གཙོ་བོ་སློབ་ཁྲིད་དང་། དོ་དམ། རྒྱུགས་ལེན། དངོས་སྦྱོང་སོགས་ཀྱི་ལས་འགན་ཁུར་ཡོད་ལ། གཞན་བློ་བཟང་སློབ་གྲྭ་ནི་ཆེད་ལས་ཅན་གྱི་བོད་ཡིག་ཆ་འཕྲིན་ཉེར་སྤྱོད་ལག་རྩལ་གྱི་སློབ་ཁྲིད་ལྟེ་གནས་གཅིག་པུ་ཡིན།
སློབ་གྲྭ་མཚམས་སྦྱོར།
མཚོ་སྔོན་ཞིང་ཆེན་མཚོ་ལྷོ་ཁུལ་བློ་བཟང་ལས་རིགས་ལག་རྩལ་གསོ་སྦྱོང་སློབ་གྲྭའམ་བསྡུས་མིང་ལ་བློ་བཟང་སློབ་གྲྭ་ཞེས་པ་ནི་མཚོ་སྔོན་ཞིང་ཆེན་མཚོ་ལྷོ་ཁུལ་ཁྲི་ཀ་རྫོང་དུ་གནས་ཤིང་། 2014ལོར་མཚོ་སྔོན་ཞིང་ཆེན་མི་ཤུགས་ཐོན་ཁུངས་དང་མཚོ་ལྷོ་ཁུལ་མི་ཤུགས་ཐོན་ཁུངས་ཅུའུ་ཡི་ཆོག་མཆན་ཐོབ་ནས་བཙུགས་པ་མ་ཟད། བོད་རྒྱ་སྐད་གཉིས་ཀྱི་ཁྱད་ཆོས་དང་ལྡན་པའི་ལས་རིགས་ལག་རྩལ་གསོ་སྦྱོང་སློབ་གྲྭ་ཞིག་ཡིན། གཙོ་བོ་བོད་རྒྱ་ཡིག་རིགས་གཉིས་ཀྱི་ཆ་འཕྲིན་ལག་རྩལ་དང་། གློག་རྡུལ་ཚོང་དོན། ཁེ་ལས་གསར་འབྱེད། ཞིང་ཕྱུགས་ཉེར་སྤྱོད་ལག་རྩལ་སོགས་ཀྱི་དུས་ཐུང་གསོ་སྦྱོང་དང་། བོད་རྒྱ་སྐད་གཉིས་ཀྱི་རྩིས་འཁོར་ཉེར་སྤྱོད་ལག་རྩལ་ཅན་གྱི་ཆེད་ཚན་སློབ་ཆེན་གྱི་སློབ་གསོ་གཉེར་བཞིན་པའི་སློབ་གྲྭ་ཞིག་ཡིན། སློབ་གྲྭའི་རྒྱ་ཁྱོན་ལ་མུའུ་68ཟིན་པ་དང་། བཟོ་སྐྲུན་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ་ཁྲི14000ཟིན་ཡོད། སློབ་གྲྭའི་དགེ་རྒན་གྱི་དཔུང་ཁག་ནི་གཙོ་བོར་ཕྱི་རྒྱལ་དུ་སློབ་གཉེར་ཕྱིན་པའི་ཕྱི་འགྲིམ་མི་སྣ་དང་། སློབ་གྲྭ་ཆེན་མོའི་དགེ་རྒན། ཁེ་ལས་པ་བཅས་ལས་གྲུབ་ཅིང་། ད་ཡོད་ཀྱི་ཆེད་ལས་དང་གཅིག་ལྕོགས་དགེ་རྒན65ཡོད་པ་དང་། དེའི་ནང་འབུམ་རམས་པའི་དགེ་རྒན13དང་། རབ་འབྱམས་པའི་དགེ་རྒན10ཡོད་པ་དང་། ཕྱི་རྒྱལ་དུ་སློབ་སྦྱོང་ལ་སོང་ནས་ཕྱིར་རང་རྒྱལ་ཏུ་ལོག་པའི་མི་སྣ་6དང་། ཁེ་ལས་པའི་མི་སྣ15དང་། མཐོ་རིམ་གོ་མིང་ཅན་གྱི་མི་སྣ13བཅས་ཡོད།
2014ལོར་མཚོ་སྔོན་ཞིང་ཆེན་གློག་རྡུལ་ཚོང་དོན་མཐུན་ཚོགས་ཀྱི་ཚོགས་མིའི་ཚན་པར་གཏན་འཁེལ་བྱས་པ་རེད།
2015ལོར་བློ་བཟང་སློབ་གྲྭ་མཚོ་སྔོན་རྒྱང་སྒྲོག་སློབ་ཆེན་དང་མཉམ་འབྲེལ་སྒོས་རྩིས་འཁོར་ཉེར་སྤྱོད་ལག་རྩལ་(བོད་ཡིག་རྩིས་འཁོར་ཉེར་སྤྱོད་ལག་རྩལ་ཁ་ཕྱོགས་)ཅན་གྱི་ཆེད་ཚན་སློབ་མ་བསྡུས་ཤིང་། བསྟུད་མར་ལོ་5ལྷག་ལ་སློབ་བསྡུ་བྱས།
2016ལོར་ཞིང་ཆེན་རིམ་པའིSIYBཡི་ཐོབ་ཐང་ངོས་འཛིན་ཐོབ།
2016ལོར་མཚོ་སྔོན་རྒྱང་སྒྲོག་སློབ་ཆེན་གྱི་བོད་ཡིག་རྩིས་འཁོར་ཉེར་སྤྱོད་ལག་རྩལ་གྱི་དངོས་སྦྱོང་རྟེན་གཞི་རུ་གཏན་འཁེལ་བྱས།
2017ལོར་ཁྲི་ཀ་རྫོང་ཨུད་ཀྱི་གུང་གཞོན་ཚོགས་པའི་གཞོན་ནུའི་ལས་ཞུགས་ལྟ་སྦྱོང་རྟེན་གཞིར་གཏན་འཁེལ་བྱས།
2017ལོར་སློབ་མའི་དངོས་སྦྱོང་རྟེན་གཞི12གསར་བསྐྲུན་བྱས་ཟིན་པ་རེད།
2018ལོར་མཚོ་སྔོན་དགེ་ཐོན་སློབ་ཆེན་གྱི་མཉེན་ཆས་བཟོ་སྐྲུན་གྱི་རབ་འབྱམས་པའི་ལག་ལེན་དངོས་སྦྱོང་རྟེན་གཞིར་གཏན་ཁེལ་བྱས།
2018ལོར་ཞིང་ཆེན་རིམ་པའི་གསར་གཏོད་བར་སྟོང་སུ་གཏན་འཁེལ་བྱས།
2019ལོར་མཚོ་སྔོན་ཞིང་ཆེན་གྱི“འགྲིམ་འགྲུལ་དངུལ་ཁང་རྟགས་མའི”སློབ་ཆེན་སློབ་མའི་བོད་རྒྱ་སྐད་གཉིས་ལས་གཏོད་ཀྱི་འགྲན་བསྡུར་ཆེན་མོའི་འགན་སྒྲུབ་གནང་པ་རེད།
འབྲེལ་ཡོད་འོས་སྦྱོར།