logo

༄༅།།བྲག་དཀར་རྫོང་རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས་ཀྱི་སྐབས་དང་པོའི་འཐུས་མི་ཚོགས་ཆེན་རྒྱལ་ཁའི་ངང་འཚོགས།

རྩོམ་པ་པོ།:མི་གསལ། ཡོང་ཁུངས།:བྲག་དཀར་རྫོང་ཉི་ཟེར་སྲིད་དོན། དུས་ཚོད།:2020-08-14 ཀློག་གྲངས།:
སྤྱི་ཟླ8པའི་ཚེས11ཉིན་གྱི་ཕྱི་དྲོར། རྔམ་བརྗིད་ལྡན་པའི་རྒྱལ་གླུའི་ཁྲོད་མཚོ་ལྷོ་ཁུལ་བྲག་དཀར་རྫོང་རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས་ཀྱི་སྐབས་དང་པོའི་འཐུས་མི་ཚོགས་ཆེན་འཚོགས། བྲག་དཀར་རྫོང་རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས་ཀྱི་འཐུས་མི32དང་། རྫོང་རིམ་པའི་ཚན་ཁག་བཞིའི་མགོ་ཁྲིད། ཞིང་ཆེན་རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས་དང་ཞིང་ཆེན་རྩོམ་པ་པོའི་མཐུན་ཚོགས་ཀྱི་ཆེད་མངགས་གདན་ཞུའི་སྐུ་མགྲོན། རྫོང་ཡོངས་ཀྱི་ཞང་གྲོང་དང་ལས་ཁུངས་སོ་སོའི་འགན་གཙོ་བཅས་ཚོགས་འདུར་ཞུགས། བྲག་དཀར་རྫོང་ཨུའི་རྒྱུན་ཨུ་དང་དྲིལ་སྒྲོག་པུའུ་པུའུ་ཀྲང་དབྱང་ཐེན་ཞིས་ཀྱིས་ཚོགས་འདུ་གཙོ་སྐྱོང་བྱས།
མཚོ་སྔོན་ཞིང་ཆེན་རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས་རྩ་འཛུགས་པུའུ་ཡི་ཀྲུའུ་རིན་གཞོན་པ་ལའེ་ཧེ་ཡིས་ཞིང་ཆེན་རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས་ཀྱི་ཏང་ཙུའུ་ཡི་ཀྲུའུ་ཞི་ཚོགས་པའི་ཚབ་བྱས་ཏེ་རྫོང་རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས་བཙུགས་པར་རྟེན་འབྲེལ་ཞུས་པ་དང་འབྲེལ་ཤིས་ཚིག་ཕུལ།
ཁོང་གིས་བསྟན་དོན། བྲག་དཀར་རྫོང་རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས་བཙུགས་པ་ནི་ཞིང་ཆེན་ཡོངས་ཀྱི་རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས་ཁོངས་གཏོགས་ཀྱི་བཅོས་སྒྱུར་ཟབ་གཏོང་བྱ་བའི་ཁྲོད་ཀྱི་དགའ་འོས་པའི་གྲུབ་འབྲས་ཤིག་ཡིན་ལ། ཞིང་ཆེན་ཡོངས་ཀྱི་རྫོང་རིམ་པའི་རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས་ཁྱོན་ཡོངས་ལ་ཁྱབ་པའི་བྱ་བར་སྐུལ་འདེད་ནུས་ལྡན་བཏང་། བྲག་དཀར་རྫོང་རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས་ཀྱིས་ཀྲུང་གོའི་རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས་ཀྱི་ཏང་ཙུའུ་ཡི་ཧྲུའུ་ཅི་བློ་མཐུན་ལི་ཡུའུ་ཡིས་རྒྱལ་ཡོངས་ཀྱི་གཞི་རིམ་རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས་ཀྱི་ལས་དོན་ཚོགས་འདུའི་སྟེང་གནང་བའི་མཛུབ་སྟོན་གལ་ཆེན་དང་། ཏང་གི་རིག་རྩལ་བྱ་བའི་བྱེད་ཕྱོགས་དང་སྲིད་ཇུས་བཅས་ལ་སློབ་སྦྱོང་དང་ལག་བསྟར་ནན་ཏན་བྱས་ཏེ། མི་དམངས་མང་ཚོགས་ཀྱི་བསམ་པའི་རིག་གནས་འཚོ་བ་ཕུན་སུམ་ཇེ་ཚོགས་སུ་གཏོང་གང་ཐུབ་བྱ་དགོས་ཤིང་། དུས་རབས་གསར་པའི་དཔལ་ཡོན་ལག་ལེན་ལྟེ་གནས་འཛུགས་སྐྲུན་དང་སྤྱི་ཚོགས་རིང་ལུགས་ཀྱི་རིག་རྩལ་དར་རྒྱས་གོང་འཕེལ་ལ་སྐུལ་འདེད་གཏོང་ཆེད་ཧུར་བརྩོན་བྱ་དགོས།
མཚོ་ལྷོ་ཁུལ་སྲིད་གཞུང་གི་ཁུལ་དཔོན་གཞོན་པ་དང་རྫོང་ཨུའི་ཧྲུའུ་ཅི་ཀྲང་ཧྲིན་པེའོ་ཡིས་རྫོང་ཨུ་དང་རྫོང་སྲིད་གཞུང་གི་ཚབ་བྱས་ནས་སྐབས་དང་པོའི་རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས་ཀྱི་འཐུས་མི་ཚོགས་ཆེན་འཚོགས་པར་སྤྲོ་སེམས་འཁོལ་བའི་རྟེན་འབྲེལ་ཞུས་པ་དང་འབྲེལ་གཏམ་བཤད་བྱས།
ཁོང་གིས་བསྟན་དོན། རྫོང་རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས་ཀྱི་སྐབས་དང་པོའི་འཐུས་མིའི་ཚོགས་ཆེན་ནི་རང་རྫོང་གི་རྩོམ་རིག་སྒྱུ་རྩལ་ལས་རིགས་ཐད་སྐོང་ཚོགས་བྱས་པའི་གལ་འགངས་ཆེ་བའི་ཚོགས་འདུ་ཞིག་ཡིན་ལ། ལོ་རྒྱུས་ཀྱི་འགོ་འཛུགས་ས་གསར་པར་རྫོང་ཡོངས་ཀྱི་རིག་རྩལ་བྱ་གཞག་དར་རྒྱས་གོང་འཕེལ་ཡོང་བར་སྐུལ་འདེད་གཏོང་བའི་དོན་ཆེན་ཞིག་ཀྱང་ཡིན། རང་རྫོང་གི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཇེ་མགྱོགས་སུ་གཏོང་བ་དང་འཆམ་མཐུན་སྤྱི་ཚོགས་འཛུགས་སྐྱོང་བྱེད་པར་མེད་དུ་མི་རུང་བའི་སྟོབས་ཤུགས་གལ་ཆེན་ཞིག་ཡིན། དེས་རྫོང་ཡོངས་ཀྱི་རིག་རྩལ་གསར་རྩོམ་གྱི་སྤྱིའི་ཆུ་ཚད་སྔར་བས་མཐོར་འདེགས་བཏང་སྟེ་རིག་གནས་སྤུས་རྟགས་གསར་གཏོད་དང་། བསམ་པའི་དཔལ་ཡོན་འཛུགས་སྐྲུན་བྱེད་པར་སྐུལ་འདེད་གཏོང་བར་དགེ་མཚན་ལྡན་ཞིང་གཏིང་ཟབ་པའི་ཤུགས་རྐྱེན་ཐེབས་ངེས། རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས་བཙུགས་པ་ནི་རྒྱ་ཆེའི་མང་ཚོགས་ཀྱི་རིག་གནས་དགོས་མཁོ་སྐོང་བའི་ཐབས་ལམ་ནུས་ལྡན་ཞིག་ཡིན་ལ། ས་ཁོངས་ཀྱི་འགྲན་རྩོད་ནུས་པ་ཆེ་རུ་གཏོང་བའི་བྱེད་ཐབས་གལ་ཆེན་ཞིག་དང་། རྫོང་ཁོངས་ཀྱི་རིག་གནས་སྤུས་རྟགས་གསར་སྤེལ་བྱེད་པར་ལྡོག་མེད་ཀྱི་གདམ་ག་ཞིག་དང་། དཔལ་ཡོན་རྫོང་མཁར་གསར་འཛུགས་བྱེད་པའི་གྲུབ་འབྲས་སྲ་བརྟན་དུ་གཏོང་བའི་གཞི་འཛིན་ས་འགངས་ཆེན་ཞིག་ཀྱང་ཡིན།
ཁོང་གིས་རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས་ཀྱིས་རྩ་འཛུགས་ཀྱི་ལེགས་ཆ་འདོན་སྤེལ་བྱས་ནས་རྫོང་ཡོངས་ཀྱི་རྒྱ་ཆེའི་རིག་རྩལ་ལས་སྒྲུབ་པ་དང་མཐུན་སྒྲིལ་བྱས་ཏེ། གསར་རྩོམ་དང་བྱ་བའི་ཕྱོགས་སྟོན་ཡང་དག་པ་རྒྱུན་འཁྱོངས་དང་ཁོང་ཚོར་སྣེ་ཁྲིད་དེ་རྫོང་ཡོངས་ཀྱི་རིག་རྩལ་བྱ་གཞག་དར་རྒྱས་གོང་འཕེལ་གཏོང་ཆེད་སྟོབས་ཤུགས་གང་ནུས་འདོན་དགོས་ཤིང་། རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས་ཀྱིས་རྒྱ་ཆེའི་རིག་རྩལ་ལས་སྒྲུབ་པ་དང་འབྲེལ་གཏུག་བྱེད་པའི་ཟམ་པ་དང་འབྲེལ་ཐག་ལྟ་བུའི་ནུས་པ་འདོན་སྤེལ་གང་ལེགས་བྱ་དགོས། བསམ་བློ་སྤེལ་རེས་དང་འབྲེལ་གཏུག་མཐུན་སྦྱོར་གྱི་ལས་དོན་ནན་ཏན་ངང་ལེགས་བསྒྲུབས་བྱས་ནས་རྒྱ་ཆེའི་རིག་རྩལ་ལས་སྒྲུབ་པར་གསར་རྩོམ་དང་རིག་རྩལ་གྱི་བྱ་འགུལ་སྤེལ་ཏེ་རྩོམ་རིག་གསར་རྩོམ་གྱི་རྣམ་པ་ལེགས་པོ་བསྐྲུན་དགོས། ཏང་གིས་རིག་རྩལ་གྱི་བྱ་བར་མགོ་ཁྲིད་བྱེད་རྒྱུ་རྒྱུན་འཁྱོངས་དང་རང་རྟོགས་ངང་ཏང་གི་མགོ་ཁྲིད་དང་ལེན་དང་། རྒྱ་ཆེའི་རིག་རྩལ་ལས་སྒྲུབ་པར་མཐུན་སྒྲིལ་དང་ཞབས་འདེགས་ཞུ་བ། ཁྲིམས་སྲོལ་ལྟར་ལས་དོན་སྤེལ་བ་བཅས་གཅིག་གྱུར་བྱེད་པ་དང་། ཐོག་མཐའ་བར་གསུམ་དུ་བསམ་བློ་དང་ཆབ་སྲིད། བྱ་སྤྱོད་བཅས་ཀྱི་ཐད་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་གྱུར་བྱ་དགོས། རང་རྟོགས་ངང་ཏང་ཀྲུང་དབྱང་གི་དབང་གྲགས་སྲུང་སྐྱོང་བྱས་ནས་མཐའ་གཅིག་ཏུ་ཏང་གི་འདོད་བློ་དང་འདོད་ཚུལ་ལག་བསྟར་བྱེད་པ། ཆབ་སྲིད་ཀྱི་སྒྲིག་ཁྲིམས་དང་ཆབ་སྲིད་ཀྱི་སྒྲིག་ལམ་ནན་སྲུང་བྱས་ཏེ་དཀའ་གནད་སྣ་ཚོགས་ཀྱི་ཚོད་བགམ་ཐེག་ཐུབ་པ་བྱ་དགོས་པའི་བླང་བྱ་བཏོན།
ཁོང་གིས་ནན་གྱིས་བསྟན་དོན། རྒྱ་ཆེའི་རིག་རྩལ་ལས་སྒྲུབ་པས་དུས་རབས་ཀྱིས་དཀྲིས་པའི་བླ་ན་མེད་པའི་འགན་འཁྲི་བློ་ལ་བརྟན་པོར་ངེས་དགོས། “ཞབས་ཞུ་གཉིས”ཀྱི་ཁ་ཕྱོགས་དང“མེ་ཏོག་མཉམ་བཞད་དང་མཁས་བརྒྱ་འགྲན་གླེང”གི་བྱེད་ཕྱོགས། “ཉེ་བཅར་གསུམ”གྱི་རྩ་དོན་བཅས་རྒྱུན་འཁྱོངས་བྱས་ཏེ། “རྐང་མིག་བློ་སྨྱུག་གི་ནུས་ཤུགས”རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས། གསར་གཏོད་ཀྱི་རྩལ་ནུས་ལ་བརྟེན་ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་རྩ་བར་བཟུང་ཞིང་། གསར་གཏོད་ནི་སྒུལ་ཤུགས་སུ་བྱས་ཏེ་དུས་རབས་ཀྱི་ཉམས་འགྱུར་ལྡན་ཞིང་དོན་དངོས་དང་མཐུན་པ། འཚོ་བ་དངོས་ལ་ཁ་ཕྱོགས་པ་དང་མང་ཚོགས་དང་ཉེ་བར་བཅར་པ་བཅས་ཁྱད་ཆོས་ལྡན་པའི་བརྩམས་ཆོས་ལེགས་ཤོས་རྩོམ་དགོས་ལ། རང་རྫོང་ལ་ཚན་རིག་དང་མཐུན་པའི་འཕེལ་རྒྱས་དང་། མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས། འཆམ་མཐུན་གྱི་འཕེལ་རྒྱས་མངོན་འགྱུར་འབྱུང་བར་འབད་བརྩོན་བྱ་དགོས། མི་སེམས་གཅིག་སྒྲིལ་དང་ངར་ཤུགས་ཡར་འཕེལ་སྒོས་རྫོང་ཡོངས་ཀྱི་མི་དམངས་ཀྱིས་འབྱོར་ཕྱུག་དང་དཔལ་ཡོན། འཆམ་མཐུན། མཛེས་སྡུག་བཅས་ཀྱི་བྲག་དཀར་གསར་པ་བསྐྲུན་པའི་དམིགས་འབེན་ཕྱོགས་སུ་བསྐྱོད་རྒྱུར་ཁྲིད་སྟོན་བྱ་དགོས།
ཚོགས་འདུའི་སྟེང《བྲག་དཀར་རྫོང་རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས་ཀྱི་སྒྲིག་ཡིག》དང་འདེམས་བསྐོ་བྱེད་ཐབས་ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་། ཚོགས་འདུར་ཕེབས་པའི་རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས་ཀྱི་འཐུས་མི32ཀྱིས་མིང་མེད་འདེམས་ཤོག་འཕེན་པའི་བྱ་ཐབས་བརྒྱུད་རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས་ཀྱི་ཨུ་ཡོན9བདམས་ཐོན་བྱུང་པ་དང་། ཚོགས་འདུའི་སྟེང་བློ་མཐུན་པད་མ་རིག་འཛིན་རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞིར་བདམས་པ་དང་བློ་མཐུན་གཡུ་མཚོ་སྐྱིད་རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས་ཀྱི་དྲུང་ཡིག་ཆེན་མོར་བདམས་པ་རེད།
འབྲེལ་ཡོད་འོས་སྦྱོར།