༄༅།།པདྨ་ཚེ་བརྟན་ལ་ལྷོ་རྒྱུད་རྩོམ་རིག་གི་བྱ་དགའ་ཐོབ།
རྩོམ་པ་པོ།:མི་གསལ།
ཡོང་ཁུངས།:པདྨ་ཚེ་བརྟན་གྱི་འཕྲིན་སྟེགས།
དུས་ཚོད།:2020-09-21
ཀློག་གྲངས།:
པདྨ་ཚེ་བརྟན་ལ་ལྷོ་རྒྱུད་རྩོམ་རིག་གི་བྱ་དགའ་ཐོབ།
སྤྱི་ཟླ9བའི་ཚེས19ཉིན། 2020ལོའི་ལྷོ་ཕྱོགས་རྩོམ་རིག་བྱ་དགའ་ཆེན་མོ་བསྩོལ་བའི་མཛད་སྒོ་དེ་ཧྥོ་ཧྲན་གྲོང་ཁྱེར་ཧྲིན་ཏི་པེ་ཅའོ་རིག་གནས་དཀྱིལ་སྙིང་གི་རོལ་དབྱངས་ཚོམས་ཆེན་ཁང་ནས་གཟབ་རྒྱས་ངང་སྤེལ་ཞིང་། ཡུལ་དངོས་ནས“ལོ་འཁོར་གྱི་ཕུལ་དུ་བྱུང་བའི་རྩོམ་པ་པོ”དང“ལོ་འཁོར་གྱི་བརྩམས་སྒྲུང་པ”“ལོ་འཁོར་གྱི་སྙན་ངག་པ”“ལོ་འཁོར་གྱི་ལྷུག་རྩོམ་པ”“ལོ་འཁོར་གྱི་རྩོམ་རིག་དཔྱད་བརྗོད་པ”“ལོ་འཁོར་གྱི་འཇོན་ནུས་ལྡན་པའི་རྩོམ་མཁན་གསར་བ”བཅས་ཡིན་པའི་བྱ་དགའ་ཆེན་མོ་བཞིའི་རྣམ་གྲངས་སུ་ཚུད་པའི་བརྩམས་ཆོས་དང་རྩོམ་མཁན་དག་གསལ་ཁ་བྱས་པ་ལས། བོད་ཀྱི་རྩོམ་པ་པོ་དང་གློག་བརྙན་པ་ཡིན་པའི་པདྨ་ཚེ་བརྟན་ལགས་ལ2019ལོར་པར་སྐྲུན་བྱས་པའི་སྒྲུང་གཏམ་ཧྲགས་བསྡུས《ཨོ་རྒྱན་གྱི་སོ》ཞེས་པ་བརྒྱུད་ནས“ལོ་འཁོར་གྱི་བརྩམས་སྒྲུང་པ”ཞེས་པའི་བྱ་དགའ་ཐོབ།
2020ལོའི་ལྷོ་ཕྱོགས་རྩོམ་རིག་བྱ་དགའ་ཆེན་མོ།(དེ་སྔའི་རྒྱའི་སྐད་ཡིག་རྩོམ་རིག་སྨྱན་སྦྱོར་གྱི་བྱ་དགའ་ཆེན་མོ)ལོ་འཁོར་གྱི་བརྩམས་སྒྲུང་བ་པདྨ་ཚེ་བརྟན།
པདྨ་ཚེ་བརྟན་གྱི་རྩོམ་འབྲིའི་རྩ་བ་ནི་བོད་ཡུལ་གྱི་ཡུལ་སྲོལ་གོམས་གཤིས་དང་སྲོལ་རྒྱུན། ཐུན་མོང་མ་ཡིན་པའི་ཚེ་སྲོག་གི་ཉམས་ལེན་དང་མིའི་རིགས་ཀྱི་བརྩེ་དུང་སོགས་ཞིབ་ཅིང་ཕྲ་བའི་སྒོ་ནས་སྨྱུག་རིས་སུ་བཀོད་ཡོད་ལ། བལྟས་ཙམ་གྱིས་ཁ་གསལ་ཞིང་གོ་བདེ་ལ་ཚིག་རྒྱན་གྱིས་མ་སྤྲས་པའི་ཡིག་འབྲུ་རེ་རེའི་ཁྲོད་དུ། ཕྲ་ཞིང་ཕྲ་བའི་སེམས་འགྱུ་དང་དཀྱེལ་ཆེ་བའི་སེམས་ཁམས། དྭངས་གསལ་ཅན་གྱི་ཤེས་རབ་ཀྱི་ཆ་བཅས་བརྒྱུད་སྒྲོག་གང་ལེགས་བྱས་འདུག སྤྱི་ལོ 2019ལོར་པར་སྐྲུན་བྱས་པའི་སྒྲུང་གཏམ་ཧྲགས་བསྡུས《ཨོ་རྒྱན་གྱི་སོ》ཞེས་པའི་ཁྲོད། པད་མ་ཚེ་བརྟན་ལགས་ཀྱིས་ངེས་དོན་གྱི་སྒོ་ནས་བོད་མི་རྣམས་ཀྱི་འཚོ་བའི་རྣམ་པ་དང་སེམས་ཁམས་ཀྱི་རྣམ་པ་ཞིབ་འབྲི་བྱས་འདུག གློག་བརྙན་དང་སྒྲུང་གཏམ་བར་ཐོགས་པ་མེད་པར་བརྗེ་རེས་བྱེད་ཐུབ་པའི་འཇོན་ནུས་ཀྱིས་བདེ་ལེགས་ངང་སྲོལ་རྒྱུན་དང་དེང་རབས་གཉིས་ཀྱི་བསྣོལ་མཚམས་ན་སྐྱོམ་པའི་སེམས་པ་དག་མཚོན་པར་བྱས་ཡོད།2020ལོའི་ལྷོ་ཕྱོགས་ཀྱི་རྩོམ་རིག་བྱ་དགའ་ཆེན་མོའི་མཛད་སྒོ(དེ་སྔའི་རྒྱའི་སྐད་ཡིག་རྩོམ་རིག་སྨྱན་སྦྱོར་གྱི་བྱ་དགའ་ཆེན་མོ) དེ་མི་ཚོགས་ཀྱི་རེ་སྨོན་དང་ཁ་གཡང་གི་ཁྲོད་ནས་མཇུག་བསྒྲིལ་ཞིང་། བྱ་དགའ་སྤྲོད་པའི་མཛད་སྒོའི་རྗེས་སུ། 2020ལོའི་ལྷོ་ཕྱོགས་རྩོམ་རིག་བྱ་དགའ་ཐོབ་མཁན་མེ་ཅཱ་དང་པདྨ་ཚེ་བརྟན། ལི་ཞིའུ་ཝུན། ཀྲུའུ་མིན་ཆོན། ཙེང་ཀྲེང་བཅས་རྩོམ་པ་པོ་ལྔ་ཡིས་ཧྲུན་ཏེ་ས་གནས་ཁག་ལ་སོང་ནས་འཆད་ཁྲིད་སྤེལ་བ་དང་ཀློག་པ་པོར་ངོ་ཐུག་རྒྱུ་རེད།
འབྲེལ་ཡོད་འོས་སྦྱོར།