logo

དཀར་མཛེས་རྫོང་རྩོམ་པ་པོ་མཐུན་ཚོགས་ཀྱིས«དཀར་མཛེས་ཀྱི་དཀར་མཛེས»ཞེས་པའི་དུས་དེབ་འདོན་ཐེངས་དང་པོའི་པར་བསྐྲུན་འགྲེམ་སྤེལ་བྱས།

རྩོམ་པ་པོ།: ཡོང་ཁུངས།:ཁམས་པའི་དྲ་བ། དུས་ཚོད།:2022-08-23 ཀློག་གྲངས།:
        ཉེ་ཆར། དཀར་མཛེས་རྫོང་ཨུ་དང་རྫོང་མི་དམངས་སྲིད་གཞུང། རྫོང་ཨུའི་དྲིལ་བསྒྲགས་པུའུ། རྫོང་རྩོམ་རིག་སྒྱུ་རྩལ་དང་སྤྱི་ཚོགས་ཚན་རིག་ལས་རིགས་མཉམ་འབྲེལ་ལྷན་ཚོགས་བཅས་ཀྱི་རྒྱབ་སྐྱོར་འོག་ཏུ། དཀར་མཛེས་རྫོང་རྩོམ་པ་པོ་མཐུན་ཚོགས་ཀྱིས«དཀར་མཛེས་ཀྱི་དཀར་མཛེས»ཞེས་པའི་དུས་དེབ་འདོན་ཐེངས་དང་པོའི་པར་བསྐྲུན་འགྲེམ་སྤེལ་གྱི་བགྲོ་གླེང་ཚོགས་འདུ་དེ་དཀར་མཛེས་རྫོང་གེ་སར་མཁར་གྲོང་དུ་འཚོགས་ཤིང་། དཀར་མཛེས་རྫོང་ཨུའི་རྒྱུན་ཨུ། དྲིལ་བསྒྲགས་པུའུ་ཡི་པུའུ་ཀྲང་ལང་ཀྲི་ཕིང་དང་རྫོང་ཡུལ་སྐོར་ཅུས་ཀྱི་ཅུས་ཀྲང་བཀྲ་ཤིས་ཉི་མ། རྫོང་གུང་གཞོན་ཚོགས་པའི་ཧྲུའུ་ཅི་བྱམས་པ་ཆོས་སྐྱིད་སོགས་འབྲེལ་ཡོད་མགོ་ཁྲིད་ཚོགས་འདུར་ཞུགས་ཡོད་པ་རེད།
        «དཀར་མཛེས་ཀྱི་དཀར་མཛེས»ཞེས་པའི་དུས་དེབ་ནི་རྒྱ་ཡིག་པར་མ་དང་བོད་ཡིག་པར་མ་སྟེ་དེབ་གཉིས་ཡོད་ལ་བོད་ཡིག་པར་མའི་ནང་དུ་དཀར་མཛེས་རྫོང་གི་མཁར་གྲོང་གཅིག་དང་འགྲུལ་ལམ་གཉིས། ཐོན་ལས་བཞི་དང་མཆོང་བརྒལ་ལྔ་ངོ་སྤྲོད་རྒྱས་པ་བྱས་ཡོད་པར་མ་ཟད། དཀར་མཛེས་རྫོང་གི་བོད་ཁང་གི་ཁྱད་ཆོས་དང་། སྤྱི་ཁྱབ་དམག་སྤྱི་ཀྲུའུ་ཏེ་དང་དགེ་རྟག་སྐུ་ཕྲེང་ལྔ་པའི་དྲན་གསོ་ཁང་ངོ་སྤྲོད། རྒྱལ་ཁབ་རིམ་པ་དང་ཞིང་ཆེན་རིམ་པའི་ཚད་ལྡནQSདང་ཡང་ནSCཚོང་རྟགས་ཡོད་པར་མ་ཟད་ཞིང་ཆེན་རིམ་པའི་གཟུགས་མེད་རིག་གནས་ཤུལ་བཞག་གི་ཁོངས་སུ་ཚུད་ཡོད་པའི་བྷོ་ཊའི་བདེ་མཆོག་རྟགས་ཅན་གྱི་དཀར་མཛེས་ཆུ་གཤེར་རྩམ་པ། དཀར་མཛེས་ས་ཆའི་ཞོག་ཁོག། དཀར་མཛེས་ཀྱི་སྲོལ་རྒྱུན་གནའ་བྲོ་དང་དེང་རབས་ཀྱི་རྡོག་བྲོ། དཀར་མཛེས་རོང་པ་ཚའི་རྟ་འགྲོས་མའི་ལོ་རྒྱུས་དང་། དཀར་མཛེས་རྫོང་མི་རིགས་སློབ་འབྲིང་། དཀར་མཛེས་ཡུལ་གྱི་བྲིས་པ་དང་རི་མོ་བ། ལྷ་རིས་པ། དྲྭ་གྲགས། མདོ་འཛིན་པ་སོགས་མི་སྣ་གྲགས་ཅན་ངོ་སྤྲོད་བྱས་ཡོད། དེབ་འདི་ནི་དཀར་མཛེས་རྫོང་རྩོམ་པ་པོ་མཐུན་ཚོགས་ཀྱིས་ཟླ་བ་གཉིས་ཀྱི་རིང་དཀའ་བ་ཁྱད་དུ་བསད། ངལ་བ་དང་དུ་བླངས་ཏེ་བྲིས་པར་མ་ཟད་དཀར་མཛེས་རྫོང་རྩོམ་པ་པོ་མཐུན་ཚོགས་ཀྱིས་རྩོམ་སྒྲིག་བྱས་པའི་དེབ་ཐོག་མའང་རེད། ཚོགས་འདུའི་ཐོག་དཀར་མཛེས་རྫོང་ཨུའི་རྒྱུན་ཨུ། དྲིལ་བསྒྲགས་པུའུ་ཡི་པུའུ་ཀྲང་ལང་ཀྲི་ཕིང་གིས«དཀར་མཛེས་ཀྱི་དཀར་མཛེས»ཞེས་པའི་དུས་དེབ་པར་སྐྲུན་བྱས་པར་བཀྲ་ཤིས་རྟེན་འབྲེལ་ཞུ་བ་དང་ཆབས་ཅིག། རྒྱ་ཆེའི་མི་དམངས་མང་ཚོགས་ཀྱི་བདེ་སྐྱིད་ལྡན་པའི་འཚོ་བ་དེ་སྒྱུ་རྩལ་གྱི་རྣམ་པའི་ཐོག་ནས་མཚོན་པར་བྱེད་པ་ནི་རྩོམ་པ་པོ་ཚོའི་འོས་འགན་ཡིན་པར་མ་ཟད། ཀློག་པ་པོ་དེ་བས་མང་པོས་དཀར་མཛེས་ཀྱི་མཛེས་སྡུག་དང་། དཀར་མཛེས་ཀྱི་ཡུལ་སྲོལ་གོམས་གཤིས། དཀར་མཛེས་ཀྱི་འཚོ་བའི་གོམས་སྲོལ། དཀར་མཛེས་ཀྱི་རིག་གནས་ཤེས་བྱ་སོགས་ལ་རྒྱུས་ལོན་ཐུབ་པའི་ནུས་པ་ཐོན་དགོས། «དཀར་མཛེས་ཀྱི་དཀར་མཛེས»དུས་དེབ་འདིས་དཀར་མཛེས་མཚོན་ཞིང་། ད་དུང་རྫོང་རྩོམ་པ་པོ་མཐུན་ཚོགས་ཀྱིས་རྩོམ་འབྲི་བྱ་རྒྱུར་དགའ་པོ་བྱེད་མཁན་དེ་བས་མང་པོ་གསོ་སྐྱོང་དང་གསོ་སྦྱོང་ཤུགས་ཆེན་བྱས་ཏེ། ལྟ་རྒྱ་དང་མཐོང་རྒྱ་ཆེན་པོས་དཀར་མཛེས་མི་དམངས་ཀྱི་བདེ་སྐྱིད་འཚོ་བ་སྨྱུག་རྩེ་ལས་དྲང་བར་འབད་བརྩོན་ཆེན་པོ་བྱ་དགོས་ཞེས་བསྟན་པ་རེད།
འབྲེལ་ཡོད་འོས་སྦྱོར།