༄༅། །གསུང་རབ་ཀྱི་བརྡ་དང་གྲོང་ཚིག་གཉིས་ཀྱི་རྣམ་དབྱེ།
རྩོམ་པ་པོ།:འབྲོག་མི་འཇམ་དབྱངས།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2024-05-10
ཀློག་གྲངས།:
འདི་ནས་ཡར་བརྩིས་པའི་རིང་མོར་མ་སོང་བའི་དུས་ཤིག་ལ་ཕྲན་གྱི་གྲོགས་པོ་ཞིག་གིས་གསུང་རབ་ཀྱི་བརྡ་དང་གྲོང་ཚིག་གཉིས་མ་ནོར་བར་རྟོགས་པའི་ཐབས་དང་རྣམ་དབྱེ་སོགས་ཞིབ་ཏུ་བཤད་དགོས་པའི་བཀའ་ནན་ཕབ་ཀྱང་། ངེད་གསུང་རབ་ལ་འཇུག་པ་ཆུང་བས་འདི་དང་འདིའོ་ཞེས་མཛུབ་སོར་ཐད་ཀར་སྣུན་པའི་སྤོབས་པའི་གདེང་མི་མངའ་བས་མཁས་གྲུབ་རྗེས་བརྩམས་པའི«སྨྲ་བ་རྣམ་པར་ངེས་པ་རབ་དཀའི་འཇུག་པ»ཞེས་བྱ་བའི་གསུང་ཐོར་བུ་དེ་གཟིགས་ཕུད་དུ་ཕུལ་བ་ཡིན།
འདིར་ཡང་ངེད་ཀྱིས་གྱ་ཚོམ་དུ་མི་སྨྲ་བར་གསུང་ཐོར་བུ་དེའི་རྗེས་སུ་འབྲངས་ཏེ་གསུང་རབ་ཀྱི་བརྡ་ལ་མ་བྱང་ཡང་བསྟན་བཅོས་རྩོམ་པའི་ཕོ་ཚོད་ཀྱི་སྙིང་ཁམས་མངའ་བ་དག་ལ་བླུན་དང་མཁས་པའི་ཐ་སྙད་ཀྱི་རྣམ་དབྱེ་མདོ་ཙམ་བསྟན་པར་བྱ་སྟེ།
སྤྱིར་རང་ལའང་རྩོམ་པའི་ལས་ལ་འགྲིག་འགྲིག་བདེན་བདེན་གྱི་དམ་བཅའ་བརྟན་ཚུགས་ཆེ་བ་ཞིག་མེད་ནའང་། ཇོ་ནང་ཏཱརནཱཐ་མཆོག་གིས། བོད་འདིར་ནི་དག་རུང་མི་དག་རུང་། གཏམ་གང་ཡང་གྲགས་པ་ཆེན་པོས་སྐྱེ་བོ་ཀུན་ལ་ཡོངས་སུ་ཁྱབ་པ་ཞིག་ཡོད་ན། ཤིན་ཏུ་བདེན་པའི་དོན་ཅན་གཞན་ཞིག་སྨྲས་ཀྱང་རྣ་བར་མི་འོང་ཞིང་། ཡིད་ལ་མི་བདེ་བ་ཞིག་སྣང་། ཞེས་གསུངས་པ་བཞིན་བླུན་པོ་ཆུ་སྣ་གར་འཁྲིད་ཀྱི་སྤྱོད་པ་དོར་ནས་བརྡ་སྤྲོད་ཀྱི་སྤྱི་འགྲོས་དང་མཐུན་ཞིང་། བོད་སྐད་གཅིག་འགྱུར་འོང་བའི་བགྱི་བ་ཁུར་དུ་ལེན་མི་ཐུབ་ཀྱང་། རྩོམ་པའི་ལས་ལ་མདོ་དབུས་ཁམས་གསུམ་གྱི་དབྱེ་འབྱེད་མེད་པར་མར་ཕྱུར་རྩམ་གསུམ་ལྟ་བུ་ཞིག་འོང་བའི་ཕྲལ་ཕུགས་རྒྱང་གསུམ་གྱི་དགོས་བྱེད་ལ་དམིགས་ནས་སྤང་བླང་གི་གནད་མི་འཕྱུག་པའི་ཐབས་ལ་བརྩོན་པར་ཞུ།
ཡོང་ཁུངས། འོད་འཛིན་འཕྲིན་སྟེགས།

༡ ཐང་ཀ་ལ་ཐངས་སྐུ།
༢ སྒྲོན་མེ་ལ་ཞུ་མར།
༣ བྱ་རོག་ལ་ཕོ་རོག
༤ མཆིས་ལ་མོད་པ།
༥ གྲོགས་པོ་ལ་ཤག་པོ།
༦ རང་ཅག་ལ་འ་ཅག
༧ ཁྱེད་ལ་ཉིད།
༨ ཕོར་བུ་ལ་ཕོར་བ་དང་ཕོར་རུ།
༩ འོག་རླུང་ལ་གཡག
༡༠ ཉེ་དུ་ལ་ཉེ་ཚན།
༡༡ སྦྲ་ལ་སྦ་དང་།
གཞན་ཡང་ན་ནིང་ཁར་ཙང་དང་། །
ཞོགས་པ་ཞོགས་སྐད་ད་གཟོད་དང་། །
གཉེར་པ་དཔོན་ཆེན་རྫོང་ཕྱི་དང་། །
བསྲེ་མོང་གཟེར་མོ་ལ་སོགས་པ། །
བླུན་པོ་སོ་སོའི་ཡུལ་སྐད་ཅེས། །
མཁས་གྲུབ་ཐམས་ཅད་མཁྱེན་པས་གསུངས། །
དེ་དག་ནི་བདག་ཅག་གིས་སྤྱོད་པའི་གྲངས་མང་ཡང་། བསྟན་བཅོས་ཀྱི་བརྡ་དང་གྲོང་ཚིག་ཕལ་བ་གང་ཡིན་མ་ཤེས་པར་གསེར་དང་བྱེ་མ་བསྲེས་པ་བཞིན་བྱུང་བ་དག་གསེད་དཀྲོལ་ཙམ་བྱས་པ་ཡིན་གྱི་གང་ཡོད་པར་བཤུས་བྱ་བའི་དོན་མེད་ཀྱི་ངལ་བ་བྱས་མེད།༢ སྒྲོན་མེ་ལ་ཞུ་མར།
༣ བྱ་རོག་ལ་ཕོ་རོག
༤ མཆིས་ལ་མོད་པ།
༥ གྲོགས་པོ་ལ་ཤག་པོ།
༦ རང་ཅག་ལ་འ་ཅག
༧ ཁྱེད་ལ་ཉིད།
༨ ཕོར་བུ་ལ་ཕོར་བ་དང་ཕོར་རུ།
༩ འོག་རླུང་ལ་གཡག
༡༠ ཉེ་དུ་ལ་ཉེ་ཚན།
༡༡ སྦྲ་ལ་སྦ་དང་།
གཞན་ཡང་ན་ནིང་ཁར་ཙང་དང་། །
ཞོགས་པ་ཞོགས་སྐད་ད་གཟོད་དང་། །
གཉེར་པ་དཔོན་ཆེན་རྫོང་ཕྱི་དང་། །
བསྲེ་མོང་གཟེར་མོ་ལ་སོགས་པ། །
བླུན་པོ་སོ་སོའི་ཡུལ་སྐད་ཅེས། །
མཁས་གྲུབ་ཐམས་ཅད་མཁྱེན་པས་གསུངས། །
སྤྱིར་རང་ལའང་རྩོམ་པའི་ལས་ལ་འགྲིག་འགྲིག་བདེན་བདེན་གྱི་དམ་བཅའ་བརྟན་ཚུགས་ཆེ་བ་ཞིག་མེད་ནའང་། ཇོ་ནང་ཏཱརནཱཐ་མཆོག་གིས། བོད་འདིར་ནི་དག་རུང་མི་དག་རུང་། གཏམ་གང་ཡང་གྲགས་པ་ཆེན་པོས་སྐྱེ་བོ་ཀུན་ལ་ཡོངས་སུ་ཁྱབ་པ་ཞིག་ཡོད་ན། ཤིན་ཏུ་བདེན་པའི་དོན་ཅན་གཞན་ཞིག་སྨྲས་ཀྱང་རྣ་བར་མི་འོང་ཞིང་། ཡིད་ལ་མི་བདེ་བ་ཞིག་སྣང་། ཞེས་གསུངས་པ་བཞིན་བླུན་པོ་ཆུ་སྣ་གར་འཁྲིད་ཀྱི་སྤྱོད་པ་དོར་ནས་བརྡ་སྤྲོད་ཀྱི་སྤྱི་འགྲོས་དང་མཐུན་ཞིང་། བོད་སྐད་གཅིག་འགྱུར་འོང་བའི་བགྱི་བ་ཁུར་དུ་ལེན་མི་ཐུབ་ཀྱང་། རྩོམ་པའི་ལས་ལ་མདོ་དབུས་ཁམས་གསུམ་གྱི་དབྱེ་འབྱེད་མེད་པར་མར་ཕྱུར་རྩམ་གསུམ་ལྟ་བུ་ཞིག་འོང་བའི་ཕྲལ་ཕུགས་རྒྱང་གསུམ་གྱི་དགོས་བྱེད་ལ་དམིགས་ནས་སྤང་བླང་གི་གནད་མི་འཕྱུག་པའི་ཐབས་ལ་བརྩོན་པར་ཞུ།
ཡོང་ཁུངས། འོད་འཛིན་འཕྲིན་སྟེགས།
འབྲེལ་ཡོད་འོས་སྦྱོར།