logo

གནས་ལུགས་འདི་འདྲ་ཁྱོད་ཀྱིས་རྟོགས་སམ།

རྩོམ་པ་པོ།: ཡོང་ཁུངས།:བོད་ལྗོངས་ཉིན་རེའི་ཚགས་པར། དུས་ཚོད།:2025-09-26 ཀློག་གྲངས།:
གཅིག རྣམ་ཀུན་འཚོ་བའི་ཁྲོད་རང་སར་མི་བཞག་པ་དང་། མི་སར་རང་བསྡད་ནས་བསམ་བློ་བཏང་ན། གཞི་ནས་རང་ལ་དབང་བའི་ནོར་བུའི་ནོར་ཉམས་ཆོད་སྲིད།
       དཔྱིད་ཉི་རིང་པོ་གྲང་གསུམ་དྲོ་གསུམ་དང་མི་ཚེ་རིང་པོ་སྐྱིད་གསུམ་སྡུག་གསུམ་ཡིན་པས། མི་ཚེའི་ཤུལ་ལམ་དུ་བདེ་བ་ཡོད་ལ་སྡུག་བསྔལ་ཡང་ཡོད་ཅིང་། དེས་ན། རྣམ་ཀུན་འཚོ་བའི་ཁྲོད་རང་སར་མི་བཞག་པ་དང་མི་སར་རང་བསྡད་ནས་བསམ་བློ་གཏོང་དགོས། དེ་ལྟར་བྱས་ན། ནོར་བུ་རང་ལ་ཡོད་དུས་ནོར་བུའི་ནོར་ཉམས་མ་ཆོད། ནོར་བུ་མི་ལ་ཤོར་དུས་སྙིང་རླུང་སྟོད་ལ་འཚང་བའི་ཕངས་སེམས་དང་། བློ་འགྱོད། སྐྱོ་སྡུག་སོགས་ཡོང་མི་སྲིད།  
གཉིས། རྣམ་ཀུན་འཚོ་བའི་ཁྲོད་རང་སར་མི་བཞག་པ་དང་། མི་སར་རང་བསྡད་ནས་བསམ་བློ་བཏང་ན། གཞི་ནས་བཀའ་དྲིན་སྙིང་དབུས་ནས་ཚོར་སྲིད།
       མི་ཞིག་གིས་རང་གི་གྲོགས་པོ་ལོང་བ་ཞིག་ཡོད་པ་དེ་ཁྱིམ་དུ་ཁ་ལག་ཟ་བར་བོས། ཁ་ལག་ཟས་ཚར་དུས་ས་རྦད་དེ་རུབ་པས། ལོང་བ་དེས“ད་ཕྱི་པོ་ཆགས་འདུག ང་ལོག་འགྲོ་གི་ཡིན”ཞེས་བཤད་པར། མིག་ཐང་མ་དེས་དེ་མུར་བཞུ་མར་ཞིག་སྤར་ནས་ལོང་བ་ལ་སྤྲད། དེས་ན། ལོང་བས་ཁོང་ཁྲོ་ཆེན་པོས“རང་གིས་ངས་མཐོང་གི་མེད་པ་ཤེས་ནའང་། ད་དུང་བཞུ་མར་སྐུར་བ་དེ་འཕྱ་དམོད་བྱས་པ་མ་རེད་དམ”ཞེས་བཤད།
       “ངས་བཞུ་མར་གྱིས་རང་ལ་ཕན་ན་བསམས་ནས་སྐུར་བ་ཡིན། རེད། རང་གིས་མཐོང་གི་མེད། ཡིན་ནའང་། ནག་ཁུང་ནང་རང་གིས་བཞུ་མར་ཁྱེར་ན། གཞན་གྱིས་མཐོང་ནས་རང་དང་རྡུང་ཁ་ཤོར་མི་སྲིད”ཅེས་གྲོགས་པོས་བཤད། གཏམ་འདི་ཐོས་འཕྲལ། ལོང་བར་སེམས་འགུལ་ཚད་མེད་ཐེབས།
       གོ་བ་ལེན་སྟངས་མི་འདྲ་བས་བསམ་ཚུལ་ཡང་མི་འདྲ་བ་ཡོང་གི་ཡོད། དེས་ན། ང་ཚོས་རང་སར་མི་བཞག མི་སར་རང་བསྡད་ནས་བསམ་བློ་བཏང་ན། གཞི་ནས་བཀའ་དྲིན་སྙིང་དབུས་ནས་ཚོར་སྲིད།
གསུམ། རྣམ་ཀུན་འཚོ་བའི་ཁྲོད་རང་སར་མི་བཞག་པ་དང་མི་སར་རང་བསྡད་ནས་བསམ་བློ་བཏང་ན། གཞི་ནས་མི་གཞན་ལ་བསམ་ཤེས་དང་སེམས་ཁུར་བྱེད་ཤེས་སྲིད།
       ཁྱེད་རང་མོ་ཊ་གཏོང་སྐབས། རྒྱ་ལམ་འགྲུལ་པར་སུན་སྣང་སྐྱེ་སྲིད་མོད། ཡིན་ནའང་། རྒྱ་ལམ་དུ་རྐང་ཐང་མར་སྐྱོད་སྐབས། ཡང་མོ་ཊར་སུན་སྣང་སྐྱེ་སྲིད།
       ཁྱེད་རང་ལས་མི་ཞིག་ཡིན་དུས། སྦྱིན་བདག་གཏུམ་དྲག་ཆེན་པོ་ཞིག་ཏུ་སྣང་མོད། འོན་ཀྱང་། ཁྱེད་རང་སྦྱིན་བདག་ཆགས་སྐབས། ལས་ཀའི་དོན་དུ་གཏུམ་དྲག་ཅན་གྱི་སྦྱིན་བདག་ཅིག་ཆགས་སྲིད།
       ཁྱེད་རང་སྐུ་མགྲོན་ཡིན་དུས། ཚོང་པས་ཁེ་བཟང་ཟ་རྒྱུ་ཁོ་ན་མ་གཏོགས་མི་ཤེས་པའི་སྣང་བ་ཡོང་སྲིད་མོད། འོན་ཀྱང་། ཁྱེད་རང་ཚོང་པ་ཡིན་ན། སྐུ་མགྲོན་ནི་འདོད་པ་ཤིན་ཏུ་སྐོང་དཀའ་བ་ཞིག་ཏུ་མཐོང་སྲིད།
       རྒྱ་ལམ་འགྲུལ་པས་བལྟས་ན། ཆོ་ལོ་ཉི་མ་དྲོ་བ། ཆོ་ལོ་རང་གིས་བལྟས་ན། བྲག་ལ་རླུང་བུ་སྡང་བས། ང་ཚོས་རང་སར་མི་བཞག མི་སར་རང་བསྡད་ནས་བསམ་བློ་བཏང་ན། གཞན་ལ་སེམས་ཁུར་བྱེད་དགོས་པ་ཤེས་ལ། བསམ་ཤེས་བྱེད་དགོས་པ་ཡང་རྟོགས་ཐུབ་བོ། །
འབྲེལ་ཡོད་འོས་སྦྱོར།