logo

སྐབས་དྲུག་པའི་མཚོ་སྔོན་ན་གཞོན་རྩོམ་རིག་བྱ་དགའ་གསལ་བསྒྲགས་བྱས།

རྩོམ་པ་པོ།:ལྷ་མོ་ཚེ་སྐྱིད། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2013-11-21 ཀློག་གྲངས།:


སྐབས་དྲུག་པའི་མཚོ་སྔོན་ན་གཞོན་རྩོམ་རིག་བྱ་དགའ་གསལ་བསྒྲགས་བྱས།

       ཟླ11པའི་ཚེས20ཉིན། སྐབས་དྲུག་པའི་མཚོ་སྔོན་ན་གཞོན་རྩོམ་རིག་བྱ་དགའ་གསལ་བསྒྲགས་བྱས་ཤིང་། རྡོ་རྗེ་ཚེ་བརྟན་ནམ་རེ་རྐང་གླིང་གི་བརྩམས་སྒྲུང《བར་སྣང་གི་མགོ་འཁོར་ཕོ་བྲང》ཞེས་པར་སྐབས་དྲུག་པའི་མཚོ་སྔོན་ན་གཞོན་རྩོམ་རིག་བྱ་དགའི་རྩོམ་རིག་སྐར་ཆེན་གྱི་རྟགས་མ་ཐོབ་པ་དང་བྱ་དགའི་སྒོར10000གནང་། དེ་མིན་ཨ་ཀྱཱ་་དང་བསོད་ནམས་ཚེ་རིང་སོགས་རྩོམ་པ་པོ་གཞན་དྲུག་ལ་སྐབས་འདིའི་མཚོ་སྔོན་རྩོམ་རིག་བྱ་དགའ་ཐོབ་པ་རེད།

སྐབས་དྲུག་པའི་མཚོ་སྔོན་ན་གཞོན་རྩོམ་རིག་བྱ་དགའ་གསལ་བསྒྲགས་བྱས།
རྡོ་རྗེ་ཚེ་བརྟན་ནམ་རེ་རྐང་གླིང་གི་བརྩམས་སྒྲུང《བར་སྣང་གི་མགོ་འཁོར་ཕོ་བྲང》 ཞེས་པར་སྐབས་དྲུག་པའི་
མཚོ་སྔོན་ན་གཞོན་རྩོམ་རིག་བྱ་དགའི་རྩོམ་རིག་སྐར་ཆེན་ གྱི་རྟགས་མ་ཐོབ།


གཟེངས་རྟགས་དཔང་ཡིག

       མཚོ་སྔོན་ན་གཞོན་རྩོམ་རིག་བྱ་དགའ་ནི་མཚོ་སྔོན་ཞིང་ཆེན་རྩོམ་པ་པོ་མཐུན་ཚོགས་ཀྱིས་གཙོ་སྒྲུབ་གནང་བ་དང་། ལོ་གཉིས་ཀྱི་ནང་ཐེངས་གཅིག་ལ་འདེམ་པ་ཡིན་ཞིང་། འདི་ལྟ་བུའི་བྱ་དགའ་ཞིག་འཛུགས་པ་ནི་ས་གནས་ཀྱི་གསར་སྐྱེས་རྩོམ་པ་པོར་རོགས་འདེགས་དང་མཚོ་སྔོན་གྱི་རྩོམ་རིག་གསར་རྩོམ་སྔར་ལས་ཕུན་སུམ་ཇེ་ཚོགས་སུ་གཏོང་རྒྱུ་དེ་ཡིན་ལ། ལོ་འགའི་རིང་རྒྱུན་འཁྱོངས་བྱས་པའི་རྒྱུན་སྲོལ་རང་བཞིན་གྱི་རྩོམ་རིག་བྱ་དགའི་རྣམ་གྲངས་ཤིག་ཡིན་པའི་ཆ་ནས། མིག་སྔར་འདི་ནི་མཚོ་སྔོན་ཞིང་ཆེན་གྱི་གལ་ཆེ་བའི་རྩོམ་རིག་བྱ་དགའ་ཞིག་ཏུ་གྱུར་ཏེ་སྤྱི་ཚོགས་སུ་ཤུགས་རྐྱེན་ཟབ་མོ་ཡོད་པར་མ་ཟད་སྤྱི་ཚོགས་ཀྱི་ཕན་འབྲས་ཀྱང་གཟེངས་སུ་ཐོན་པ་བྱུང་།


བོད་ཀྱི་ན་གཞོན་རྩོམ་པ་པོ་རེ་རྐང་གླིང་གིས་བརྩམས་པའི་སྒྲུང་ཐུང《བར་སྣང་གི་མགོ་འཁོར་ཕོ་བྲང》།

       བོད་ཀྱི་ན་གཞོན་རྩོམ་པ་པོ་རེ་རྐང་གླིང་གིས་བརྩམས་པའི་སྒྲུང་ཐུང《བར་སྣང་གི་མགོ་འཁོར་ཕོ་བྲང》ཞེས་པ་ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་གིས་པར་སྐྲུན་འགྲེམས་སྤེལ་བྱས། སྒྲུང་ཐུང་དེབ་འདིར་རེ་རྐང་གླིང་གིས་དེང་རབས་ལུགས་སུ་མཛད་པའི་འཕྲུལ་སྒྲུང19ཙམ་རྩོམ་པ་པོ་རང་ཉིད་ཀྱིས་བྲིས་པའི་བར་བཅུག་རི་མོ་དང་བཅས་བཀོད་ཡོད་པ་མ་ཟད། བོད་ཀྱི་རྩོམ་རིག་དཔྱད་བརྗོད་པ་བདུད་ལྷ་རྒྱལ་གྱིས་གླེང་བརྗོད་དང་། བོད་ཀྱི་རི་མོ་བ་གྲགས་ཅན་སྟག་ལྷ་ཚེ་བརྟན་གྱིས་མདུན་ཤོག་དང་ཁ་ཤོག་གི་རི་མོ་བྲིས་ཡོད།


འབྲེལ་ཡོད་འོས་སྦྱོར།