མཚོ་སྔོན་བོད་སྐད་སྒྱུར་སྒྲིག་ལྟེ་གནས་འཛུགས་སྐྲུན་ལས་གཞིའི་ཐོག་མའི་ཇུས་འགོད་ལ་ཞིབ་བཤེར་གནང་།
རྩོམ་པ་པོ།:ལྷ་མོ་ཚེ་སྐྱིད།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2013-11-20
ཀློག་གྲངས།:
ཉེ་ལམ། མཚོ་སྔོན་ཞིང་ཆེན་སྡོད་ཁང་འཛུགས་སྐྲུན་ཐིན་གྱིས་ཆེད་མཁས་རྩ་འཛུགས་བྱས་ཏེ་མཚོ་སྔོན་ཞིང་ཆེན་ཨ་མདོའི་བོད་སྐད་སྒྱུར་སྒྲིག་ལྟེ་གནས་འཛུགས་སྐྲུན་ལས་གཞིའི་ཐོག་མའི་ཇུས་འགོད་ལ་ཞིབ་བཤེར་གནང་། འདིས་མཚོ་སྔོན་ཞིང་ཆེན་ཨ་མདོའི་བོད་སྐད་རྒྱང་སྒྲོག་གློག་བརྙན་འཕྲིན་སྒྱུར་སྒྲིག་ལས་དོན་འཕེལ་རྒྱས་ཐད་གོམ་སྟབས་གསར་བ་ཞིག་བསླངས་པ་རེད།
མཚོ་སྔོན་ཨ་མདོའི་བོད་སྐད་སྒྱུར་སྒྲིག་ལྟེ་གནས་ཀྱི་འཛུགས་སྐྲུན་ལས་གཞི་ནི་དེང་རབས་དྲིལ་སྒྲོག་མ་ལག་ལྟེ་བར་བཟུང་སྟེ་ནུས་ཤུགས་ཡོད་རྒུས་དེང་རབས་ཕྱོགས་བསྡུས་རང་བཞིན་གྱི་ཕུལ་བྱུང་སྨྱན་བྱད་གསར་སྐྲུན་དང་། རྒྱང་སྒྲོག་གློག་བརྙན་འཕྲིན་སྒྱུར་སྒྲིག་གི་ལས་སྣོན་བརྒྱུད་རིམ་གྱི་དགོས་མཁོ་དང་གནས་གཞིའི་ཉེ་འགྲམ་ཁོར་ཡུག་དང་མཐུན་སྦྱོར་གྱིས་ལུགས་མཐུན་སྒོས་སྤྱོད་ནུས་དབྱེ་ཁུལ་གྱི་སྒྲིག་གཞི་ལེགས་འགོད་བྱེད་ཅིང་། རྒྱལ་ནང་གི་ཆུ་ཚད་མཐོ་བའི་དེང་རབས་ཅན་གྱི་རྒྱང་སྒྲོག་གློག་བརྙན་འཕྲིན་རིག་གནས་བཟོ་བཀོད་འཛུགས་སྐྲུན་བྱས་ཏེ་མཚོ་སྔོན་ཞིང་ཆེན་ཨ་མདོའི་བོད་སྐད་རྒྱང་སྒྲོག་གློག་བརྙན་འཕྲིན་སྒྱུར་སྒྲིག་ལས་དོན་འཕེལ་རྒྱས་ཐད་རྨང་གཞི་སྲ་བརྟན་བཏིངས།
ལས་གཞི་འདི་ནི་ཟི་ལིང་གྲོང་ཁྱེར་ཁུན་ལུན་ལམ་གྱི་ཞིང་ཆེན་རྒྱང་སྒྲོག་གློག་བརྙན་འཕྲིན་ཅུའི་ནང་དུ་ཡོད་ཅིང་། ས་མུའུ་སྨི་གྲུ་བཞི་མ5972དང་། སྤྱིའི་འཛུགས་སྐྲུན་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ9996། སྤྱིའི་མ་དངུལ་སྒོར་ཁྲི10363བཏང་བ་རེད།

འབྲེལ་ཡོད་འོས་སྦྱོར།