སེམས་མཐུན་དང་ཀུན་བྱམས་ཞེས་པའི་བོད་ཁུལ་གྱི་གྲོང་སྡེའི་སྨན་པའི་གསོ་སྦྱོང་འཛིན་གྲྭའི་སློབ་མཇུག་སྒྲིལ་བ།
རྩོམ་པ་པོ།:བདེ་ཆེན་མཚོ།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2013-11-18
ཀློག་གྲངས།:

སེམས་མཐུན་དང་ཀུན་བྱམས་ཞེས་པའི་བོད་ཁུལ་གྱི་གྲོང་སྡེའི་སྨན་པའི་གསོ་སྦྱོང་འཛིན་གྲྭའི་སློབ་མཇུག་སྒྲིལ་བའི་མཛད་སྒོ་བསྡུས་པ།
ཟླ11པའི་ཚེས16ཉིན། སེམས་མཐུན་དང་ཀུན་བྱམས་ཞེས་པའི་བོད་ཁུལ་གྱི་གྲོང་སྡེའི་སྨན་པའི་གསོ་སྦྱོང་འཛིན་གྲྭའི་སློབ་མཇུག་སྒྲིལ་བའི་མཛད་སྒོ་དེ་མི་དམངས་ཚོགས་ཁང་ཆེན་མོར་བསྡུས་ཤིང་། བོད་ལྗོངས་ལྷ་ས་དང་། སི་ཁྲོན། ཡུན་ནན། ཀན་སུའུ། མཚོ་སྔོན་བོད་ཁུལ་སོགས་ནས་ཡོང་བའི་གྲོང་སྡེའི་སྨན་པ60པེ་ཅིང་དུ་ཉིན་ལྔ་ལ་སྤེལ་བའི་གསོ་སྦྱོང་ལ་ཞུགས་ནས་བདེ་བླག་ངང་སློབ་མཇུག་སྒྲིལ།
སློབ་མཇུག་སྒྲིལ་བའི་མཛད་སྒོའི་སྟེང་། ཀྲུང་གོའི་རྒྱ་གྲམ་དམར་པོ་ཚོགས་པའི་ལས་དོན་གོང་སྤེལ་ལྟེ་གནས་ཀྱིས་བོད་ཁུལ་ལྗོངས་ཞིང་ལྔ་ནས་ཡོང་བའི་སློབ་མ་རྣམས་སྡོད་སའི་སྨན་བཅོས་ལས་ཁུངས་ལ་གྲངས་འཛིན་ཆེད་སྤྱོད་དྲ་རྒྱ་དང་དེང་རབས་ཅན་གྱི་བརྙན་གཟུགས་སོགས་ལྡན་པའི་ནད་གཞི་རྒྱང་བརྟག་གི་རྒྱ་གྲམ་དམར་པོའི999ཅན་གྱི་མྱུར་སྐྱོབ་རླངས་འཁོར་དྲུག་གནང་བ་རེད།

བོད་ཁུལ་གྱི་གྲོང་སྡེའི་སྨན་པའི་གསོ་སྦྱོང་འཛིན་གྲྭའི་སློབ་མཇུག་སྒྲིལ་བའི་མཛད་སྒོའི་ཡུལ་དངོས།
འབྲེལ་ཡོད་འོས་སྦྱོར།
