བོད་ལྗོངས་ཀྱི་མིག་ལོང་བའི་རོལ་མོའི་ཚོམས་ཁང་ཐོག་མ་དངོས་སུ་སྒོ་ཕྱེས་པ།
རྩོམ་པ་པོ།:བདེ་ཆེན་མཚོ།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2013-11-17
ཀློག་གྲངས།:
ཟླ11པའི་ཚེས14ཉིན། མིག་ལོང་བའི་བྱིས་པ་གཡུ་སྒྲོན་གྱི་ཁྱེད་ནི་ང་ཡི་མིག་ཞེས་པའི་གླུ་གཞས་སྙན་མོ་དང་བསྡོངས་ནས། བོད་ལྗོངས་ཀྱི་མིག་ལོང་བའི་རོལ་མོའི་ཚོམས་ཁང་ཐོག་མ་སྟེ་ཧན་ཧུང་གི་དགེ་སེམས་ཐེབས་རྩ་ཚོགས་པའི་བོད་ལྗོངས་མིག་ལོང་རོལ་མོའི་ཚོམས་ཁང་དེ་དངོས་སུ་སྒོ་ཕྱེས་པ་རེད། དེ་ནི་ཉི་མའི་ཆར་སྤྱི་ཕན་དགེ་སྦྱོར་ཐེབས་རྩ་ཡིས་ཞལ་འདེབས་གནང་བ་དང་། ཧན་ཧུང་གི་དགེ་སེམས་ཐེབས་རྩ་ཚོགས་པས་ཇུས་འགོད་བྱས་ཐོག རང་སྐྱོང་ལྗོངས་དབང་བོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་ཀྱིས་ལྟ་སྐུལ་བྱས་ནས་བསྐྲུན་པ་རེད།
རོལ་མོའི་ཚོམས་ཁང་དེར་སྤྱིའི་མ་དངུལ་སྒོར་ཁྲི100ལྷག་བཏང་ཞིང་། སྤྱིའི་འཛུགས་སྐྲུན་རྒྱ་ཁྱོན་སྨི་གྲུ་བཞི་མ300ཡོད་པ་དང་། ལྟད་མོ་བ་མི120ལྷག་ཤོང་བ་རེད།
རོལ་མོའི་ཚོམས་ཁང་དེར་སྤྱིའི་མ་དངུལ་སྒོར་ཁྲི100ལྷག་བཏང་ཞིང་། སྤྱིའི་འཛུགས་སྐྲུན་རྒྱ་ཁྱོན་སྨི་གྲུ་བཞི་མ300ཡོད་པ་དང་། ལྟད་མོ་བ་མི120ལྷག་ཤོང་བ་རེད།
འབྲེལ་ཡོད་འོས་སྦྱོར།