logo

《ནུབ་རྒྱུད་དུས་ཐོག་ཚགས་པར》གྱིས་བོད་རིགས་སྙན་ངག་པ་བཀྲ་ཤིས་ཚེ་རིང་ལ་བཅར་འགོད་གནང་བ།

རྩོམ་པ་པོ།:ལྷ་མོ་ཚེ་སྐྱིད། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2013-11-15 ཀློག་གྲངས།:

《ནུབ་རྒྱུད་དུས་ཐོག་ཚགས་པར》གྱིས་མིང་གྲགས་བོད་རིགས་སྙན་ངག་པ་བཀྲ་ཤིས་ཚེ་རིང་ལ་བཅར་འགོད་གནང་བ།
(པར་རིས་ཡོང་ཁུངས། བོད་མིའི་རིག་གནས་དྲ་བ།)

       《ནུབ་རྒྱུད་དུས་ཐོག་ཚགས་པར》གྱི་སྤྱི་ལོའི2013ལོའི་ཟླ11པའི་ཚེས12ཉིན་སྤྲོ་ཀློག་ཅེས་པའི་ཆེད་བསྒྲིགས་པར་ངོས་ཀྱི་བཅར་འགོད་ལེ་ཚན་དུ་ཚགས་པར་འདིའི་གསར་འགོད་པ་ཧྥུན་ཅན་ལུང་གིས་མིང་དུ་གྲགས་པའི་བོད་རིགས་སྙན་ངག་པ་བཀྲ་ཤིས་ཚེ་རིང་གི་རྩོམ་རིག་གསར་རྩོམ་ཐད་བཅར་འདྲི་གནང་བའི《མི་རིགས་དྲང་བདེན་ལས་ལངས་པའི་ལྡོག་ཕྱོགས་ནི་དགོད་གཞི་རུ་གྱུར་བ》བཀོད་པ་རེད།
       འདིའི་ནང་དུ་བཀྲ་ཤིས་ཚེ་རིང་གིས་ང་ནི་ང་རང་ཉིད་མཚོན་པ་ཞེས་པ་དང་། ལག་ཟུང་བྲང་ལ་སྦྱར་ཏེ་ཇི་ལྟར་བསམ་བཞིན་དེ་ལྟར་འབྲི།  བོད་རིགས་སྙན་ངག་པ་ནི་ལོགས་སུ་ལུས་པའི་རྣམ་པར་ཆགས་པ། མི་རིགས་ཁུར་དུ་ཐག་པ་ནི་མིའི་རིགས་ཀྱི་རང་བཞིན་གྱི་ནུས་པ་ཞིག་ཡིན་པ་བཅས་ཕྱོགས་བཞིའི་སྒོ་ནས་མི་རིགས་དང་རིག་གནས་གཞིར་བྱས་ཏེ་རང་ཉིད་ཀྱི་སྙན་ངག་གསར་རྩོམ་གྱི་ངོས་ཟིན་དང་མྱོར་ཚོར་བརྗོིད་ཡོད།
       《ནུབ་རྒྱུད་དུས་ཐོག་ཚགས་པར》ནི་2003ལོར་བཙུགས་པའི་ནུབ་རྒྱུད་ཀྱི་ཞིང་ཆེན་དང་ལྗོངས12ལ་དམིགས་ཏེ་རྒྱལ་ཡོངས་ཕྱོགས་བསྡུར་རང་བཞིན་གྱི་ཚགས་པར་ཞིག་ཡིན་ཞིང་། འདོན་ཐེངས་རེར་པར་ངོས16དང་། གཟའ་འཁོར་རེར་འདོན་ཐེངས2སྤེལ་ཏེ་རྒྱལ་ཡོངས་སུ་གཅིག་གྱུར་གྱིས་འགྲེམ་པ་ཡིན།  ཚགས་པར་འདི་ནི་ཀྲུང་གོའི་ནུབ་རྒྱུད་ཞིབ་འཇུག་དང་དར་སྤེལ་ཚོགས་པས་གཙོ་སྒྲུབ་དང་། ནུབ་རྒྱུད་གསར་སྤེལ་བརྗོད་དོན་དུ་བཟུང་བའི་ཕྱོགས་བསྡུས་རང་བཞིན་གྱི་རྒྱལ་ཁབ་རིམ་པའི་ཚགས་པར་ཆེན་པོ་ཞིག་ཡིན་ལ། སྲིད་དོན་གསར་འགྱུར་དང་། ནོར་སྲིད་གསར་འགྱུར། རིག་གནས་གསར་འགྱུར་བཅས་གཅིག་ཏུ་སྦྱར་ཞིང་། ནང་དོན་གྱི་ཐད་ནས་དབང་གྲགས་རང་བཞིན་དང་ཁྲིད་སྟོན་རང་བཞིན། དངོས་སྤྱོད་རང་བཞིན། ཤེས་བྱའི་རང་བཞིན་བཅས་འབུར་དུ་བཏོད་ཡོད།


འབྲེལ་ཡོད་འོས་སྦྱོར།