མཚོ་སྔོན་གྱི་ཐང་ག་སྐབས་བརྒྱད་པའི་པེ་ཅིང་རྒྱལ་སྤྱིའི་རིག་གནས་བཤམས་ཚོགས་སུ་ཞུགས།
མཚོ་སྔོན་གྱི་ཐང་ག་སྐབས་བརྒྱད་པའི་པེ་ཅིང་རིག་གནས་བཤམས་ཚོགས་སུ་བཀྲམ་པ།
ཟླ11པའི་ཚེས7ནས་ཚེས10བར། རིག་གནས་པུའུ་དང་གསར་འགྱུར་དཔེ་སྐྲུན་རྒྱང་སྒྲོག་བརྙན་འཕྲིན་སྤྱི་ཁྱབ་ཅུའུ། པེ་ཅིང་གྲོང་ཁྱེར་སྲིད་གཞུང་བཅས་ལྷན་གྱིས་གཙོ་སྒྲུབ་གནང་བའི་སྐབས་བརྒྱད་པའི་ཀྲུང་གོའི་རྒྱལ་སྤྱི་རིག་གནས་གསར་སྐྲུན་ཐོན་ལས་བཤམས་སྟོན་ཚོགས་ཆེན་དེ་པེ་ཅིང་རྒྱལ་སྤྱིའི་འགྲེམ་སྟོན་ལྟེ་གནས་སུ་སྤེལ་ཞིང་། སྐབས་འདིའི་རིག་གནས་བཤམས་ཚོགས་ནི་རིག་གནས་ཚོང་དོན་ལ་སྐུལ་འདེད་སྒོས་དཔལ་འབྱོར་མགྱོགས་མྱུར་འཕེལ་རྒྱས་ཞེས་པ་བརྗོད་དོན་དུ་བཟུང་སྟེ་འགྲེམ་ཁུལ16བཙུགས་པ་དང་། རྒྱལ་ཁབ་ཕྱི་ནང་ནས་སླེབས་པའི་རིག་གནས་གསར་སྐྲུན་གྱི་ཁེ་ལས1800ལྷག་ཐེངས་འདིའི་འགྲེམ་སྟོན་དུ་ཞུགས་ལ། མཚོ་སྔོན་གྱི་ཐང་ག་ཡང་བཤམས་ཚོགས་འདི་རུ་ཞུགས་ཏེ་བཀྲག་མདངས་གཞན་ཞིག་བསྐྱེད་ཡོད།
མཚོ་སྔོན་ཞིང་ཆེན་ཐང་ག་སྒྱུ་རྩལ་མཐུན་ཚོགས་ཀྱི་ཚོགས་གཙོ་ཚེ་རིང་བསམ་གྲུབ་ ཀྱིས་རུ་ཁག་གི་སྣེ་ཁྲིད་དེ་ཐེངས་འདིའི་བཤམས་ཚོགས་སུ་ཞུགས་ཤིང་། ཁོ་ཚོས་ཐང་གའི་སྒྱུ་རྩལ་བརྩམས་ཆོས100ལྷག་བཀྲམ་པ་དང་། དེར་སྲོལ་རྒྱུན་ལག་རྩལ་ཐབས་ཤེས་ལས་འབྲི་བཞེངས་བྱས་པའི་ཐང་ག་སོགས་སྣ་ཚོགས་ འདུག ཚོགས་གཙོ་ཚེ་རིང་བསམ་གྲུབ་ཀྱིས་མཚམས་སྦྱོར་བྱས་པ་ལྟར་ན། ཐང་གའི་ལོ་རྒྱུས་ཤིན་ཏུ་རིང་སྟེ་སྤྱི་ལོའི་དུས་རབས་བདུན་པ་ནས་ད་ལྟའི་བར་ལོ་ ངོ1300ལྷག་གི་ལོ་རྒྱུས་ལྡན་པ་རེད།