པེ་ཅིང་བོད་ལུགས་སྨན་ཁང་དབུ་བརྙེས་ནས་ལོ་ངོ་ཉི་ཤུ་ལོན་པའི་དགའ་སྟོན་ཚོགས་འདུ་བསྡུས་པ།

པེ་ཅིང་བོད་ལུགས་སྨན་ཁང་དབུ་བརྙེས་ནས་ལོ་ངོ་ཉི་ཤུ་ལོན་པའི་དགའ་སྟོན་ཚོགས་འདུ་བསྡུས་པ།
པེ་ཅིང་བོད་ལུགས་སྨན་ཁང་དབུ་བརྙེས་ནས་ལོ་ངོ་ཉི་ཤུ་ལོན་པའི་དགའ་སྟོན་སྟེང་བོད་ལུགས་གསོ་རིག་གི་འགྲེམ་སྟོན་སྤེལ་བ།
ཟླ11པའི་ཚེས8ཉིན། ཀྲུང་གོའི་བོད་རིག་པའི་ཞིབ་འཇུག་ལྟེ་གནས་པེ་ཅིང་བོད་ལུགས་སྨན་ཁང་དབུ་བརྙེས་ནས་ལོ་ངོ་ཉི་ཤུ་ལོན་པའི་དགའ་སྟོན་ཚོགས་འདུ་དེ་པེ་ཅིང་དུ་བསྡུས་ཤིང་། མི་རིགས་གསོ་རིག་ཁྱབ་ཁོངས་ཀྱི་ཆེད་མཁས་དང་ལས་བཟོ་བ་རྣམས་ལྷན་དུ་འཛོམས་ནས་དགའ་སྟོན་ལ་རོལ།
པེ་ཅིང་བོད་ལུགས་སྨན་ཁང་གི་འགོ་གཙོ་ཧོང་ཧྥུའུ་ཁའེ་ལགས་ཀྱིས་པེ་ཅིང་བོད་ལུགས་གསོ་རིགས་སྨན་ཁང་གི་ལོ་ངོ་ཉི་ཤུའི་འཕེལ་རིམ་ལ་ཕྱིར་གཞིག་བྱེད་དུས་བཤད་རྒྱུར། བོད་ལུགས་སྨན་ཁང་ནི1992ལོར་བཙུགས་པ་དང་སྐབས་དེར་སྨན་པ6མ་གཏོགས་མེད་ཀྱང་། ལོ་ངོ་ཉི་ཤུའི་འཚོལ་ཞིབ་དང་ཧུར་ཐག་བྱས་པར་བརྒྱུད་ནས་བོད་ལུགས་གསོ་རིག་གཙོར་བྱས་ཐོག མི་རིགས་མང་པོའི་གསོ་རིག་གཞི་གཅིག་ཏུ་གྲུབ་པའི་རྒྱལ་ཁབ་རིམ་པའི་མི་རིགས་ཀྱི་སྨན་ཁང་གཙོ་ཤས་སུ་གྱུར་ཞེས་བརྗོད་པ་རེད།
