ཀྲུང་གོའི་ཚན་རིག་གླིང་གི་མདོ་དབུས་མཐོ་སྒང་སྐྱེ་དངོས་ཞིབ་འཇུག་ཁང་བཙུགས་པ།
རྩོམ་པ་པོ།:ལྷ་མོ་ཚེ་སྐྱིད།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2013-11-11
ཀློག་གྲངས།:

ཀྲུང་གོའི་ཚན་རིག་གླིང་གི་མདོ་དབུས་མཐོ་སྒང་སྐྱེ་དངོས་ཞིབ་འཇུག་ཁང་བཙུགས་པ།

ཀྲུང་གོའི་ཚན་རིག་གླིང་གི་ཡིག་ཆ2013[48]ལྟར་ན། ཀྲུང་གོའི་ཚན་རིག་གླིང་གི་ཚན་ཞིབ་རྨང་གཞི་འཛུགས་སྐྲུན་ཇེ་དྲག་དང་། རྨང་གཞིའི་ཞིབ་འཇུག་བཀོལ་སྤྱོད་དང་སྐུལ་འདེད། སྤྱི་ཚོགས་ཀྱི་སྤྱི་ཕན་རང་བཞིན་གྱི་བྱ་བ་རྒྱུན་རིང་དང་གཏན་འཇགས་ཀྱིས་འཕེལ་རྒྱས་སུ་གཏོང་བར། གླིང་གཙོའི་གཞུང་སྒྲུབ་ཚོགས་འདུས་ཆོག་མཆན་བྱས་པར་བརྒྱུད། ཀྲུང་གོའི་ཚན་རིག་གླིང་བོད་སྨན་ཞིབ་འཇུག་གལ་ཆེའི་ཚོད་ལྟའི་ཁང(མདོ་དབུས་མཐོ་སྒང་སྐྱེ་དངོས་ཞིབ་འཇུག་ཁང)འཛུགས་རྒྱུར་གཏན་འཁེལ་བྱས་པ་དང་། ཚོད་ལྟའི་ཁང་གི་ཚབ་རྟགས་ནི2013DP173254ཡིན་པ་རེད།
འབྲེལ་ཡོད་འོས་སྦྱོར།
