logo

རྡུང་ལེན་པ་གདུ་བྷེ་ཡིས་ཆེས་ཐོག་མའི་ཆེད་བསྒྲིགས་གཞས་ཚོགས་བསྡུ་རྒྱུ་རེད།

རྩོམ་པ་པོ།:བདེ་ཆེན་མཚོ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2013-11-02 ཀློག་གྲངས།:


རྡུང་ལེན་པ་གདུ་བྷེ་ཡིས་ཆེས་ཐོག་མའི་ཆེད་བསྒྲིགས་གཞས་ཚོགས་བསྡུ་ལ་ཉེ།

  རྒྱུས་ལོན་བྱུང་བ་ལྟར་ན་ཁུ་བྱུག་སྔོན་མོ་ཞེས་ནས་སྙན་པའི་གྲགས་པ་ཕྱོགས་སུ་རྒྱས་ཤིང་བོད་ཁམས་སུ་ཀུན་གྱིས་དགའ་བསུ་ཆེན་པོ་ཐོབ་བཞིན་པའི་རྡུང་ལེན་པ་གྲགས་ཅན་གདུ་བྷེ་ལགས་ཀྱིས་ཟླ11པའི་ཚེས6ཉིན་ཀན་ལྷོ་ཁུལ་རྨ་ཆུའི་གེ་སར་དམངས་སྲོལ་རིག་གནས་ལྟེ་བ་རུ《ཁུ་བྱུག་གི་བརྩེ་བ》ཞེས་པའི་ཆེས་ཐོག་མའི་ཆེད་བསྒྲིགས་གཞས་ཚོགས་བསྡུ་རྒྱུ་རེད།
  གླུ་བ་གདུ་བྷེ་ལགས་ནི1986ལོར་རྨ་ཆུ་གླུ་གར་ཚོགས་པར་ལས་ཀར་ཞུགས་ཤིང་། ཁོང་ལ་ཀན་སུའུ་ཞིང་ཆེན་དང་ཀན་ལྷོ་ཁུལ་སོགས་ནས་བསྡུས་པའི་འགྲན་སྡུར་སྟེང་བྱ་དགའ་ཐེངས་དུ་མར་ཐོབ་མྱོང་ལ། ཁོང་གི་བློ་གྲོས་ཀྱི་དྭངས་མ་དང་ངག་གི་པི་ཝང་ལས་གླུ་གཞས་བརྩམས་ཆོས་མི་ཉུང་བ་ཞིག་ཐོན་ཡོད་དེ། 《ང་དང་ཁུ་བྱུག་སྔོན་མོ》དང《སྐལ་བཟང་ལྷ་མོ》།《སྤང་རྒྱན་མེ་ཏོག》། 《བོད་ཀྱི་བུ》།《ལས་དབང》། 《ཁེར་རྐྱང་གི་སེམས་པ》སོགས་སྒྲ་ཐག15བརྩམས་ཡོད་པར་མ་ཟད།གཞས་མོས་པ་རྣམས་ཀྱི་རྣ་བའི་བདུད་རྩི་རུ་འགྱུར་བའི་ཚིག་དང་དབྱངས་མང་པོ་བརྩམས་ཡོད་པ་རེད།


འབྲེལ་ཡོད་འོས་སྦྱོར།