logo

གཞིས་ཀ་རྩེ་ཡིས་ས་དགའི་ནུབ་ཀྱི་ས་ཚིགས་སྐྲུན་བཞིན་པ།

རྩོམ་པ་པོ།:བདེ་ཆེན་མཚོ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2013-10-30 ཀློག་གྲངས།:

日喀则打造“萨嘎西部驿站”
ས་དགའ་རྫོང་མཁར་གྱི་ཡུལ་གྱི་བཀོད་པ་ཡོངས།

འཛུགས་སྐྲུན་བྱེད་བཞིན་པའི་ས་དགའ་རྫོང་གི་རིག་གནས་ཚོམས་ཁང་ཆེན་མོ།

  2012ལོར་བོད་ལྗོངས་གཞིས་ཀ་རྩེ་ས་ཁུལ་ས་དགའ་རྫོང་ནུབ་ཀྱི་ས་ཚིགས་བསྐྲུན་པའི་འཆར་གཞི་བཏོན་ཞིང་། ད་ལྟ་འཛུགས་སྐྲུན་ལས་གཞི་སྣ་ཚོགས་སྤེལ་བཞིན་པའི་སྒང་ཡིན་ལ། མ་འོངས་པའི་ནུབ་ཀྱི་ས་ཚིགས་ཀྱི་ཐོག་མའི་བཟོ་དབྱིབས་གྲུབ་བཞིན་ཡོད། 2013ལོའི་ཟླ9པའི་ཟླ་སྨད་བར་ས་དགའི་ནུབ་ཀྱི་ས་ཚིགས་ལས་གཞིའི་ཁྲོད་ཁག27བསྐྲུན་འགོ་བརྩམས་པ་དང་། ཁྱོན་བསྡོམས་མ་དངུལ་སྒོར་ཁྲི23819.4བཏང་བ་རེད།
  ས་དགའ་རྫོང་ནི་བོད་ལྗོངས་གཞིས་ཀ་རྩེ་ས་ཁུལ་གྱིནུབ་བྱང་ཕྱོགས་སུ་མངའ་ཞིང་། གཞིས་ཀ་རྩེའི་ནུབ་རྒྱུད་ཀྱི་རྫོང་གསུམ་སྟེ་འབྲོང་པ་དང་ས་དགའ། སྐྱིད་རོང་བཅས་ཀྱི་ལྟེ་བར་ཆགས་པར་མ་ཟད། ལྷ་ས་ནས་མངའ་རིས་སྤུ་ཧྲིང་ལ་བགྲོད་པའི་འགྲིལ་འགྲུལ་གྱི་འགག་ལམ་ཞིག་ཏུ་གྲུབ་པས། ས་དགའ་རྫོང་དེ་འགྲིམ་འགྲུལ་གྱི་ལྟེ་བ་དང་གནས་སྐོར་བ་བསྡུ་གཏོང་གི་ས་གནས། མི་གྲངས་འདུས་སྡོད་ས་གནས་ཤིག་ཏུ་བསྐྲུན་པར་ཧུར་ཐག་བྱེད་ཀྱིན་ཡོད་པ་རེད།


འབྲེལ་ཡོད་འོས་སྦྱོར།