logo

རང་རྒྱལ་གྱི་བོད་རྒྱ་སྐད་གཉིས་ཀྱི་ལག་འཁྱེར་ཁ་པར་ཚོང་རར་བཀྲམ་པ།

རྩོམ་པ་པོ།:བདེ་ཆེན་མཚོ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2013-10-29 ཀློག་གྲངས།:

我国首款藏汉双语手机问世.
རང་རྒྱལ་གྱི་བོད་རྒྱ་སྐད་གཉིས་ཀྱི་ལག་འཁྱེར་ཁ་པར་ཚོང་རར་བཀྲམ་པ།

ཀྲུང་གོའི་གློག་འཕྲིན་གྱི་བོད་རྒྱ་སྐད་གཉིས་ལག་འཁྱེར་ཁ་པར་གྱི་མགྲིན་ཚབ་པ་གླུ་བ་བསམ་ཁོ།

  ཟླ10པའི་ཚེས28ཉིན། རང་རྒྱལ་གྱི་བོད་རྒྱ་སྐད་གཉིས་ཀྱི་ལག་འཁྱེར་ཁ་པར་ཐོག་མའི་འགྲེམ་སྤེལ་མཛད་སྒོ་ལྷ་ས་རུ་བསྡུས་པ་རེད། བོད་རྒྱ་སྐད་གཉིས་ཀྱི་ལག་འཁྱེར་ཁ་པར་ཚོང་རར་བཀྲམ་པ་དེས་བོད་ལྗོངས་ཀྱི་དེང་རབས་འཕྲིན་གཏོང་ཆ་འཕྲིན་དང་བོད་ཡིག་ཆ་འཕྲིན་སྒྲིག་སྦྱོར་ལག་རྩལ་གྱི་ཞིབ་འཇུག་འདོན་སྤེལ་དེ་སྐས་རིམ་གསར་པ་ཞིག་ཏུ་བསླེབས་པ་མཚོན་ཐུབ་ཅིང་། ལག་འཁྱེར་ཁ་པར་དེ་ནི་ཀྲུང་གོའི་གློག་འཕྲིན་ཤོག་ཁག་ཀུང་ཟིའི་བོད་ལྗོངས་ཡན་ལག་ཀུང་ཟི་དང་། བོད་ལྗོངས་སློབ་ཆེན། ཧྭ་ཝེ་ལག་རྩལ་ཚད་ཡོད་ཀུང་ཟི་བཅས་མཉམ་འབྲེལ་བྱས་ནས་ཞིབ་འཇུག་འདོན་སྤེལ་བྱས་པ་རེད།
  ལག་འཁྱེར་ཁ་པར་དེས་རྒྱ་ཆེའི་རོང་འབྲོག་མང་ཚོགས་ཀྱིས་རྒྱལ་ཁབ་ཀྱི་སྲིད་ཇུས་ཁྲིམས་སྲོལ་དང་གནམ་གཤིས་ཞབས་ཞུ་སོགས་ཀྱི་ཆ་འཕྲིན་རྒྱུས་ལོན་བྱེད་པར་སྟབས་བདེ་བསྐྲུན་ཞིང་། རོང་འབྲོག་ས་ཁུལ་ཆ་འཕྲིན་ཅན་དུ་བསྒྱུར་བའི་འཕེལ་རིམ་ལ་སྐུལ་སྤེལ་བྱས་ནས་བོད་ཡིག་དང་བོད་ཀྱི་རིག་གནས་ལ་་སྐྱེ་སྟོབས་གསར་པ་རྒྱས་སུ་བཅུག


འབྲེལ་ཡོད་འོས་སྦྱོར།