logo

ཁམས་པའི་རིག་གནས་སྒྱུ་རྩལ་དུས་ཆེན་སྐབས་བདུན་པའི་མི་རིགས་ལུས་རྩལ་འགྲན་བསྡུར་སྤེལ་བ།

རྩོམ་པ་པོ།:ལྷ་མོ་ཚེ་སྐྱིད། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2013-10-23 ཀློག་གྲངས།:


ཁམས་པའི་རིག་གནས་སྒྱུ་རྩལ་དུས་ཆེན་སྐབས་བདུན་པའི་མི་རིགས་དམངས་ཁྲོད་ལུས་རྩལ་འགྲན་བསྡུར་སྤེལ་བ།

        ཟླ10བའི་ཚེས22ཉིན། ཁམས་པའི་རིག་གནས་སྒྱུ་རྩལ་དུས་ཆེན་སྐབས་བདུན་པའི་མི་རིགས་དམངས་ཁྲོད་ལུས་རྩལ་འགྲན་བསྡུར་དེ་ཆབ་མདོ་ཅིན་ཁྲང་ལུས་རྩལ་ར་བར་སྤྲོ་སྐྱིད་ངང་སྤེལ་ཞིང་། ཆབ་མདོ་ས་ཁུལ་གྱི་དམངས་ཁྲོད་ལུས་རྩལ་པ་རྣམས་འགྲན་བསྡུར་ལ་ཞུགས་ཏེ་ཡུལ་དངོས་ཀྱི་རྣམ་པ་ཚ་ཚ་འུར་འུར་དུ་སྣང་།

སྒྱེ་འདེགས་འགྲན་བསྡུར་གྱི་རྣམ་པ།
གླང་ཆེན་ས་གཤགས།

        ཐེངས་འདིའི་མི་རིགས་དམངས་ཁྲོད་ལུས་རྩལ་འགྲན་བསྡུར་དུ་གླང་ཆེན་ས་གཤགས་དང་སྒྱེ་འདེགས་སོགས་དམངས་ཁྲོད་ཀྱི་ལུས་རྩལ་རྣམ་གྲངས་བཀོད་སྒྲིག་བྱས་ཡོད་ཅིང་། དེ་ལས་གླང་ཆེན་ས་གཤགས་ནི་བོད་ལྗོངས་རོང་འབྲོག་མི་དམངས་ཀྱིས་དགའ་བསུ་ཆེན་པོ་བྱེད་པ་ཡིན་ལ། འགྲན་བསྡུར་བྱེད་དུས། མི་གཉིས་རུ་གཅིག་དང་འགྲན་བསྡུར་དུས་ཚོད་ནི་སྐར་མ3ཡིན། ཐག་པའི་རིང་ཚད་ནི་སྨི10དང་ཚངས་ཐིག་ནི་ཧའོ་སྨི25ནས་ཧའོ་སྨི30ཡོད་ལ། ཐག་སྣེ་གཉིས་ཀར་སྐོར་མཐའི་རིང་ཚད་ལ་སྨི1.5ཅན་གྱི་ཨ་ལོང་ཞིག་ཡོད། ལུས་རྩལ་པ་ཕྱོགས་གཉི་གས་ཨ་ལོང་དེ་རང་སོ་སོའི་སྐེ་རུ་བསྐོན་རྗེས་རྒྱབ་གཏད་དེ་ལག་གཉིས་དང་རྐང་གཉིས། པུས་མོ་གཉིས་བཅས་ས་ལ་བཙུགས་ནས་འཐེན་རེ་བྱེད་པ་ཡིན། འགྲན་བསྡུར་འདི་ནི་ལུས་རྩལ་པའི་ལྕི་ཚད་ལྟར་སྤྱི་རྒྱ60དང་སྤྱི་རྒྱ70། སྤྱི་རྒྱ80། སྤྱི་རྒྱ90བཅས་རིམ་པ་བཞི་རུ་བགོས་ཡོད། གཞན་ཡང་སྒྱེ་འདེགས་འགྲན་བསྡུར་གྱི་ཡུལ་དངོས་སུའང་ཤེད་རྩལ་འགྲན་པའི་སྣང་ཚུལ་ལས་གཟིགས་མོ་བ་རྣམས་སྤྲོ་སེམས་རབ་ཏུ་འཁོལ།


སྒྱེ་འདེགས་འགྲན་བསྡུར་གྱི་རྣམ་པ།

        གྲངས་ཉུང་མི་རིགས་ཀྱི་སྲོལ་རྒྱུན་ལུས་རྩལ་འགྲན་ཚོགས་ལ་མི་རིགས་རང་གི་ལོ་རྒྱུས་དང་སྒྱུ་རྩལ་གྱི་ཆ་དོད་པ་དང་། མི་རིགས་ཀྱི་ཁྱད་ཆོས་མངོན་པར་ལྡན།


སྒྱེ་འདེགས་འགྲན་བསྡུར་གྱི་རྣམ་པ།


འབྲེལ་ཡོད་འོས་སྦྱོར།